ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་ནུབ་ཕྱོགས་ས་ཁུལ་ནས་ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་རྒྱལ་སྲུང་བློན་ཆེན་ཧི་ལེ་ཉིང་གིས་ཚེས་ཉི་ཤུ་ཉིན་ལས་འགན་ཁྱབ་སྒྲོག་བྱས་ཏེ། ནུབ་ཕྱོགས་ཀྱི་ཀི་ལོ་ཏི་ནོའུ་ཀྲིག་ནས་ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཐག་བཅད་པ་རེད། 

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཧི་ལེ་ཉིང་གིས་རྒྱལ་སྲུང་འཐབ་ཇུས་དོ་དམ་ལྟེ་གནས་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་སྐོར་གྱི་གྲོས་གཞིར་ཉན་པ་དང་། ཁོས་བཤད་རྒྱུར། མིག་སྔར་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ཐེབས་ཡོད་ལ། ཉིན་དཀར་ཕྱོགས་མི་འདྲ་བ་ནས་ཀུན་གྱིས་སེམས་ཁུར་བྱེད་པའི་བརྡ་འཕྲིན་འབྱོར་བ་དང་མ་ངེས་པའི་ཚུལ་ལ་དབྱེ་ཞིབ་བྱེད་བཞིན་ཡོད། གནས་ཚུལ་དེར་དམིགས་ཏེ་ཁོས་ནུབ་ཕྱོགས་ཀྱི་ཀི་ལོ་ཏི་ནོའུ་ཀྲིག་ནས་ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཐག་བཅད་པ་ཡིན། ཆོད་དོན་དེ་ཙུང་ཐུང་ལ་སྙན་ཞུ་བྱས་ཏེ་ཆོག་མཆན་ཐོབ་ཡོད་ཟེར། 

ཧི་ལེ་ཉིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། དམག་དོན་སྦྱོང་བརྡར་དུ་ཞུགས་མཁན་ལ་འཕྲུལ་ཆས་ཅན་གྱི་རུ་དཔུང་དང་། དམིགས་བསལ་འཐབ་འཛིང་དམག་དཔུང་། མཁའ་དམག་མཁའ་སྲུང་དམག་དཔུང་། མྱུལ་ཞིབ་དམག་དཔུང་། གློག་རྡུལ་འགོག་རྒོལ་དམག་དཔུང་། འཕུར་མདའི་དམག་དཔུང་། མེ་སྒྱོགས་དམག་དཔུང་སོགས་ཡོད། དམག་དོན་སྦྱོང་བརྡར་སྐབས་སུ་ད་རུང་དམག་དོན་ལས་ཁུངས་རེ་འགར་སྐུལ་སློང་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།