ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱོགས་ཀྱིས་གནས་སྐབས་སུ་ཨུ་རུ་སི་དཀར་པོར་དམག་དོན་རོགས་སྐྱོར་བྱེད་པའི་དགོས་པ་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་མའོ་སི་ཁི་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་གནས་སྐབས་སུ་ཨུ་རུ་སི་དཀར་པོར་དམག་དོན་རོགས་སྐྱོར་བྱེད་པའི་དགོས་པ་མེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དང་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་དུ་ཕན་ཚུན་རོགས་འདེགས་ཀྱི་འབྲེལ་ཡོད་འོས་འགན་གཏན་འཁེལ་བྱས་ཡོད་ཀྱང་། མིག་སྔར་གནས་སྐབས་སུ་དགོས་མཁོ་དེ་འདྲ་མེད། ཨུ་རུ་སི་དཀར་པོའི་མགོ་ཁྲིད་རིམ་པས་ཀྱང་དགོས་མཁོ་དེ་འདྲ་ཡོད་པའི་རེ་བ་བཏོན་མེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་གསར་འགོད་པའི་ཨུ་རུ་སིའི་དམག་དོན་སྒྲིག་ཆས་མང་བོ་ཨུ་རུ་སི་དཀར་པོ་དང་འབྲེལ་བའི་རྒྱལ་མཚམས་སུ་སྐྱེལ་འདྲེན་བྱེད་པའི་གནད་དོན་ལ་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སིའི་དམག་དོན་སྒྲིག་ཆས་དག་ཨུ་རུ་སིའི་མངའ་ཁོངས་ཧྲིལ་བོར་ཁྱབ་ཡོད་པས། བཏོན་པའི་དྲི་བ་དེར་ལན་འདེབས་ཐབས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།