ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་བསྟུད་མར་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ནམ་གུང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་། ཚེས་བཅུ་གཉིས་ཉིན་གྱི་ཚུན་ལ། དབྱི་སི་རལ་དམག་དཔུང་གིས་ཉིན་རེ་བཞིན་དུ་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་ཟེར། 

དབྱི་སི་རལ་དམག་དཔུང་གིས་གསལ་སྒྲོག་ལས་བཤད་རྒྱུར། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་མེ་ཤུགས་འཕུར་མདའ་གཅིག་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་པ་དང་། ཉིན་དེར་ད་རུང་འགད་རྫས་ཡོད་པའི་དབུགས་ལྒང་ཞིག་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་བཏང་ཡོད། དེའི་ལན་དུ་དབྱི་སི་རལ་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་མངག་ནས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་དོན་དག་ཡོད་ཚད་ལ་འགན་ཁུར་དགོས་པ་དང་། དབྱི་སི་རལ་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ཀྱི་མཇུག་འབྲས་ལ་འགན་ཁུར་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།