ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པར་ཁ་པར་བཏང་ནས་ཨུ་རུ་སི་དཀར་པོའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་སོ་སོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ལ་ཁ་པར་བཏང་སྟེ། མིག་སྔའི་ཨུ་རུ་སི་དཀར་པོའི་གནས་བབ་ལ་གྲོས་བསྡུར་བྱས། 

ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་མིག་སྔའི་ཨུ་རུ་སི་དཀར་པོའི་གནས་བབ་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་བལྟས་ན་ཨུ་རུ་སི་དཀར་པོར་བྱུང་བའི་གནད་དོན་གང་མགྱོགས་སྒོས་ཐག་གཅོད་བྱེད་དགོས་པར་འདོད། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་དང་ཨུ་རུ་སི་དཀར་པོའི་མགོ་ཁྲིད་རིམ་པར་གནོན་ཤུགས་སྟེར་མི་རུང་ཟེར།

བསྒྲགས་པ་ལྟར་ན། ཨུ་རུ་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་ཨུ་རུ་སི་དཀར་པོའི་མིག་སྔའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དཀར་པོའི་གནས་བབ་མྱུར་དུ་སླར་གསོ་འབྱུང་བའི་རེ་བ་བཏོན། ཕུའུ་ཅིན་གྱིས་བཤད་རྒྱུར། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨུ་རུ་སི་དཀར་པོའི་ལས་དོན་གྱི་ཐེ་གཏོགས་དང་ཉམས་ཉེན་གྱི་རིམ་པ་སྔར་ལས་ཇེ་མཐོར་གཏོང་བའི་བྱ་སྤྱོད་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། མའོ་ཁི་ཨར་གྱིས་ཨུ་རུ་སི་དཀར་པོའི་སྲིད་གཞུང་གིས་ངོ་རྒོལ་མཁན་ལ་དྲག་ཤུགས་སྤྱོད་པ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། ཨུ་རུ་སི་དཀར་པོའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་བྱེད་དགོས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།