ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མའི་སྲིད་གཞུང་དམག་དཔུང་དང་མེ་མདའ་བཟུང་བའི་མང་ཚོགས་བར་འཁྲུག་རྩོད་དོན་རྐྱེན་བྱུང་ནས་མི་བརྒྱ་དང་ཞེ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་བྱང་ངོས་ཀྱི་ཝ་ལཱ་པུའུ་ཀྲིག་གི་ས་གནས་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ས་ཁུལ་དེར་ཉེ་སྔོན་བྱུང་བའི་སྲིད་གཞུང་དམག་དཔུང་དང་མེ་མདའ་བཟུང་བའི་མང་ཚོགས་བར་གྱི་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་ཞེ་བརྒྱད་ལ་འཕར་བ་དང་། གཞན་ཡང་མི་བརྒྱ་དང་ཞེ་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཝ་ལཱ་པུའུ་ཀྲིག་གི་ཐུང་ཅི་ས་ཁུལ་གྱི་དཔོན་པོ་མཱ་པུས་ཨོ་ཨར་གྱིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་ས་ཁུལ་དེར་ཁྲིམས་འགལ་མེ་མདའ་ཕྱིར་སྡུད་པའི་འགུལ་སྐྱོད་སྤེལ་སྐབས། དམག་མི་ཞིག་དང་ན་གཞོན་ཞིག་གི་བར་རྩོད་པ་བྱུང་བ་དང་། མཇུག་མཐར་མེ་མདའ་བཟུང་བའི་མང་ཚོགས་རེ་འགའ་དང་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱུང་བ་རེད། མིག་སྔར་འཁྲུག་རྩོད་དེ་ལས་མི་སེར་དཀྱུས་མ་གྱ་ལྔ་དང་དམག་མི་རེ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་སེར་དཀྱུས་མ་གོ་བཞི་དང་དམག་མི་ཞེ་བརྒྱད་ལ་རྨས་ཕོག་ཡོད་ཟེར། རྨས་མ་རེ་འགར་དུས་ལྟར་གསོ་བཅོས་ཐོབ་མེད་པའི་དབང་གིས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མཐོར་འགྲོ་ཡང་སྲིད་ཟེར། 

མཱ་པུས་ཨོ་ཨར་གྱིས་བཤད་རྒྱུར། ས་ཁུལ་དེའི་གནས་བབ་ཡང་བསྐྱར་ཞི་འཇགས་སུ་སོང་བ་དང་། ས་དེའི་སྲིད་གཞུང་གིས་འབད་པ་ཆེན་པོས་བཅའ་ཁྲིམས་དང་སྒྲིག་ལམ་སླར་གསོ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།