ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཆི་ཏོན་བྱང་མའི་ཙུང་ཐུང་གིས་ཀྲ་ཨེ་ཧྥུའུ་ཡིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ཆི་ཏོན་བྱང་མའི་ཙུང་ཐུང་ཕིན་ཏཱ་ལོ་ཧྥུའུ་སི་ཅི་ཡིས་ཚེས་བཅུ་གསུམ་ཉིན་མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་གྱི་མགོ་ཁྲིད་པ་ཀྲ་ཨེ་ཧྥུའུ་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ས་བསྩལ། 

ཕིན་ཏཱ་ལོ་ཧྥུའུ་སི་ཅི་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། མཱ་ཆི་ཏོན་བྱང་མའི་རྩ་ཁྲིམས་དང་མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་དང་པེ་སཱ་ལས་འགུལ་གྱིས་གྲུབ་པའི་སྲིད་ཏང་མནའ་འབྲེལ་གྱིས་གྲོས་གཞི་བཏོན་པ་ལྟར། ཀྲ་ཨེ་ཧྥུའུ་ཙུང་ལི་ཚབ་མར་བསྐོ་འཇོག་བྱས་ཏེ། ཁོར་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་བ་རེད།

ཀྲ་ཨེ་ཧྥུའུ་ཡིས་དེའི་རྗེས་སུ་བསྟན་དོན། སྲིད་གཞུང་གསར་བས་མཱ་ཆི་ཏོན་བྱང་མ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད། ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་ཡུན་རིང་དར་རྒྱས་དང་གཏན་འཇགས། དཔལ་འབྱོར་འཕེལ་རྒྱས། ཆབ་སྲིད་སྤྱོད་གཙང་། ཁྲིམས་འཛིན་དྲང་བདེན་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 

མཱ་ཆི་ཏོན་བྱང་མའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་ཙུང་ལི་ཚབ་མར་དབང་ཆ་བསྩལ་ནས་ཉིན་ཉི་ཤུའི་ནང་གྲོས་ཁང་ལ་ནེ་ཀི་རྩ་འཛུགས་ཀྱི་འཆར་གཞི་སྤྲོད་པ་དང་། པུའུ་ཀྲང་སོ་སོའི་འདེམ་སྒུག་མི་སྣའི་མིང་འདོན་བྱས་ཆོག་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།