ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ནས་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ལེ་པཱ་ནུན་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ལེ་པཱ་ནུན་གྱི་ཆབ་སྲིད་གནས་བབ་ནི་རྒྱལ་ཁབ་དེའི་ནང་ཁུལ་གྱི་ལས་དོན་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་ནམ་རྒྱུན་ལེ་པཱ་ནུན་གྱི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཁོ་མོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་བྱས་ཏེ། པེ་རུ་ཐིའི་གྲུ་ཁ་ས་ཁུལ་གྱི་འགས་གཏོར་ལས་བཟོས་པའི་མཇུག་འབྲས་ཚབས་ཆེན་དང་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པ་དང་། མཉམ་དུ་བྱེད་ཐབས་སྤྱད་ནས་དྲག་ཤུགས་སྔོན་འགོག་བྱས་ཏེ་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ལེ་པཱ་ནུན་གྱི་ཕྱོགས་སོ་སོས་གྲོས་མོལ་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་རྒྱལ་ནང་གི་ཆབ་སྲིད་འཕེལ་རིམ་ཁྲོད་ཀྱི་རྙོག་འཛིང་གི་གནད་དོན་ཐག་གཅོད་བྱེད་པ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་པའི་གནས་ཚུལ་འོག་ཐུན་མོང་གི་ལྟ་ཚུལ་འགོད་ཐུབ་པར་རེ་བ་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།