ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོའི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་པཱ་ཡུས་གཙོ་བྱས་པའི་ཐེ་གོའི་སྐབས་གསར་བའི་ནེ་ཀི་ཡིས་ཚེས་བཅུ་གཉིས་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཐེ་གོའི་སྐབས་གསར་བའི་ནེ་ཀིའི་ཁོངས་མི་དག་ཉིན་དེར་མན་ཀུའུ་ཡི་ལོས་ཧྲི་ཕོ་བྲང་ནས་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་ལ་བློ་དཀར་བའི་དམ་བཅའ་བཞག ནེ་ཀི་གསར་བས་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་ཐེངས་དང་པོ་སྤེལ་རྒྱུ་རེད། 

ཐེངས་འདིའི་ཐེ་གོའི་ནེ་ཀིའི་ལེགས་སྒྲིག་སྐབས་སུ་བསྡོམས་པས་ཁོངས་མི་དྲུག་ཟབ་ཞུགས་བྱས་ཡོད་དེ། སོ་ཕཱ་ཏཱ་ནཱ་ཕིན་ཝུན་མུས་ཁྲེ་ཨོ་ཡིས་ཙུང་ལི་གཞོན་པ་དང་ནུས་ཁུངས་པུའུ་ཀྲང་གི་འགན་ཁུར་བ་དང་། ཨ་ནོའུ་ཁྲེ་ནཱ་ཅཱ་སེ་ཡིས་ཙུང་ལིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་ཁུར། པེ་ཏིས་ཏའོ་ཚེ་ཡིས་ནོར་སྲིད་པུའུ་ཀྲང་གི་འགན་ཁུར། ཨ་ནེ་ལའོ་ཐཱ་མཱ་ཏཱ་ཡིས་མཐོ་རིམ་སློབ་གསོའི་ཚན་རིག་ཞིབ་འཇུག་དང་གསར་གཏོད་ཀྱི་པུའུ་ཀྲང་གི་འགན་ཁུར། སོ་ཁྲ་ཁྲུང་ཅིན་དང་ནཱ་ལུའུ་མིན་པེན་ཡུས་ཞིན་ཝ་གཉིས་ཀྱིས་སོ་སོར་ངལ་རྩོལ་བཟོ་བའི་པུའུ་ཡི་པུའུ་ཀྲང་དང་པུའུ་ཀྲང་གཞོན་པའི་འགན་ཁུར། དེ་ལས་གཞན་ད་ལྟའི་ཕྱི་འབྲེལ་པུའུ་ཀྲང་ཏོན་པཱ་མུའུ་ཝེ་ནེ་ཡིས་ཞོར་དུ་ཙུང་ལི་གཞོན་པའི་འགན་ཁུར་ཡོད། 

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། སྐབས་དེའི་ཐེ་གོའི་ཙུང་ལི་གཞོན་པ་སུང་ཆི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དུས་མཉམ་དུ་ལས་ཁུར་དགོངས་ཞུ་བྱེད་མཁན་ལ་ད་རུང་སུང་ཆིའི་དཔལ་འབྱོར་ཚོགས་ཁག་གི་ཁོངས་མི་ཡིན་པའི་ནོར་སྲིད་པུའུ་ཀྲང་ཝུའུ་ཏཱ་མཱ་དང་། ནུས་ཁུངས་པུའུ་ཀྲང་སུང་ཐིས་ལཱ་སོགས་ཡོད། བསྒྲགས་པ་ལྟར་ན། སུང་ཆི་ཚོགས་ཁག་གིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚོན་གཙོ་བོ་ནི་སྲིད་འཛིན་ཏང་ནང་ཁུལ་གྱི་རྩོད་གླེང་དབང་གིས་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།