ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱའི་སྲིད་གཞུང་གི་པུའུ་ཀྲང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སིང་ག་ལཱའི་ཙུང་ཐུང་ཀི་ཐཱ་པཱ་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་སྲིད་གཞུང་གསར་བའི་ནེ་ཀིའི་པུའུ་ཀྲང་ཉེར་དྲུག་དང་རྒྱལ་སྲིད་པུའུ་ཀྲང་སོ་དགུ་བསྐོ་འཇོག་བྱས། གོང་གི་པུའུ་ཀྲང་དེ་ཚང་མས་ཉིན་དེར་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

སྐབས་གསར་བའི་སིང་ག་ལཱའི་སྲིད་གཞུང་ཁྲོད། ཙུང་ཐུང་ཀི་ཐཱ་པཱ་ཡཱ་ཡིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཞོར་དུ་ཁུར་ཡོད་པ་དང་། ཙུང་ལི་མཱ་ཞིན་ཏཱ་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ནོར་སྲིད་པུའུ་ཀྲང་དང་ནང་བསྟན་ཆོས་ལུགས་ལས་དོན་དང་རིག་གནས་པུའུ་ཀྲང་། གྲོང་ཁྱེར་འཕེལ་རྒྱས་དང་སྡོད་ཁང་ལས་དོན་གྱི་པུའུ་ཀྲང་བཅས་ཀྱི་འགན་ཞོར་དུ་ཁུར་ཡོད། 

ཀི་ཐཱ་པཱ་ཡཱ་ཡིས་པུའུ་ཀྲང་ཚང་མས་ཙུང་ཐུང་འདེམ་བསྐོའི་བསྒྲགས་གཏམ་ལས་བཏོན་པའི་དར་རྒྱས་དང་འོད་སྟོང་འབར་བའི་ཕུགས་འདུན་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན། ཁོས་ད་རུང་སྲིད་གཞུང་གི་སྡེ་ཁག་སོ་སོས་རིམས་འགོག་དང་དངུལ་གཏོང་། བརྡ་འཕྲིན་ལག་རྩལ། གྲུ་ཁ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།