ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཟླ་དགུ་བར་གྲོས་ཁང་གི་སྐོར་ཐེངས་གཉིས་པའི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་སྲིད་གཞུང་མགྲིན་ཚབ་པ་ལཱ་པུས་དབྱེ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལིང་གིས་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྲོས་ཁང་གི་སྐོར་ཐེངས་གཉིས་པའི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

ལཱ་པུས་དབྱེ་ཡིས་བཤད་རྒྱུར། འདེམ་ཤོག་མ་འཕང་གོང་ཚོགས་ཡུན་གཟའ་འཁོར་གཅིག་རིང་གི་འགྲན་རྩོད་བྱ་འགུལ་སྤེལ་ཆོག་ཀྱང་། ངེས་པར་དུ་རིམས་འགོག་གི་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་བྱས་ནས་མང་ཚོགས་མང་བོ་མཉམ་འདུས་བྱེད་པར་སྔོན་འགོག་བྱེད་དགོས། རྒྱལ་ས་ཏི་ཧེ་ལན་དང་བཅས་པའི་གྲོང་ཁྱེར་གསུམ་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་འདེམ་བསྐོར་ཞུགས་རྒྱུ་མིན་པ་དང་། དེའི་འདེམ་བསྐོའི་དུས་ཚོད་རྗེས་སུ་སྣུར་ནས་སང་ལོར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དང་མཉམ་དུ་སྤེལ་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།