ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ལི་ཡིས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ལི་ཏིས་ཡཱ་པུའུ་ཡིས་ཚེས་བརྒྱད་ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ནས། ལེ་པཱ་ནུན་གྱི་མིག་སྔའི་ཉམས་ཉེན་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཏིས་ཡཱ་པུའུ་ཡིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཁོས་ཉིན་བཅུའི་ནང་ནེ་ཀིའི་གྲོས་ཚོགས་སྟེང་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་གྲོས་གཞི་འདོན་རྒྱུ་ཡིན་ཟེར། 

ཏིས་ཡཱ་པུའུ་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་ཆབ་སྲིད་དང་དངུལ་ལོར། སྲིད་འཛིན་བཅས་ཉམས་རྒུད་ཀྱི་རྣམ་པར་གནས་ཡོད་ཅིང་། སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ན་ད་གཟོད་རྒྱལ་ཁབ་ཀྱི་གྲུབ་ཚུལ་རང་བཞིན་གྱི་ཉམས་ཉེན་ལས་ཐར་ཐུབ། ཁོས་ལེ་པཱ་ནུན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་འགལ་བ་བསྐྱུར་ནས། གོ་རིམ་རྗེས་མའི་འགུལ་སྐྱོད་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་དེ་མཉམ་དུ་བཅོས་བསྒྱུར་ཕྱོགས་ལ་འབད་འབུངས་བྱེད་དགོས་པའི་སྐུལ་མ་བཏང་། ཏིས་ཡཱ་པུའུ་ཡིས་བསྟན་དོན། ཁོས་མུ་མཐུད་དུ་ཟླ་ངོ་གཉིས་ཀྱི་ནང་ཙུང་ལིའི་ལས་འགན་ཁུར་རྒྱུ་ཡིན་པ་དང་། ཕྱོགས་ཁག་སོ་སོས་དུས་སྐབས་དེའི་ནང་གྲོས་མཐུན་འགོད་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།