ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བདུན་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དགུ་སྟོང་གཉིས་བདུན་བརྒྱ་སོ་ལྔར་བསླེབ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བདུན་ཉིན་གྱི་དུས་ཚོད་བཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བདུན་སྟོང་བརྒྱད་ཉིས་བརྒྱ་གོ་གཅིག་ཇེ་མང་དུ་སོང་ནས། བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དགུ་སྟོང་གཉིས་བདུན་བརྒྱ་སོ་ལྔར་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་བརྒྱད་བརྒྱ་བཅོ་ལྔ་ཇེ་མང་དུ་སོང་ནས་འབུམ་བདུན་དང་སྟོང་དགུ་ལྔ་བརྒྱ་བཅུ་གཅི་ལ་བསླེབ་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དགུ་སྟོང་གཉིས་བདུན་བརྒྱ་སོ་ལྔར་བསླེབ་ཡོད།