ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་བཞི་དྲུག་བརྒྱ་དང་གསུམ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་བཤད་དོན། དབྱི་རག་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་ཞེ་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་བཞི་དྲུག་བརྒྱ་དང་གསུམ་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་རེ་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་སྟོང་ལྔ་དང་བརྒྱ་དང་རེ་གཅིག་རྐྱེན་ལམ་དུ་ཤོར། དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཉིས་དང་ལྔ་བརྒྱ་གྱ་གསུམ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་སྟོང་གཅིག་ཉེར་ལྔ་དྲག་སྐྱེད་བྱུང་།

བསྟུད་མར་ཉིན་འགའི་རིང་ལ། དབྱི་རིག་རྒྱལ་ཁབ་ཏུ་ཉིན་རེར་འཕར་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་ལྷག་སྲུང་འཛིན་བྱས། དབྱི་རག་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན།  རྒྱལ་ཁབ་རང་གིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བརྒྱད་པའི་ཚེས་དགུ་ཉིན་བར་གྱི་དམར་མཆོད་དུས་ཆེན་གྱི་སྐབས་སུ་ཡང་བསྐྱར་མཚན་བཀག་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།