ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་བདུན་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་བདུན་ལས་བརྒལ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་དྲུག་ཉིན་གྱི་དུས་ཚོད་བཅུ་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་རིམ་རྩིས་ཀྱིས་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་བདུན་སྟོང་ལྔ་སུམ་བརྒྱ་ཉེར་དྲུག་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་བདུན་དང་སྟོང་གཅིག་བདུན་བརྒྱ་ང་བཞིར་བསླེབ་ཡོད། 

ཨ་མེ་རི་ཁའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་གང་ཡིན་ཡང་འཛམ་གླིང་ཡོངས་ཀྱི་དང་པོ་ཡིན་ཞིང་། རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ས་ཡ་བཞི་དང་འབུམ་བདུན་ཁྲི་གཉིས་སྟོ་བརྒྱད་ཉིས་བརྒྱ་སོ་དགུ་ཡིན་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་ལྔ་བཅུར་བསླེབ་ཡོད། པཱ་ཞི་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འཛམ་གླིང་ཡོངས་ཀྱི་ཨང་གཉིས་པ་ཡིན། རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ས་ཡ་གཉིས་དང་འབུམ་བརྒྱད་སྟོང་གཅིག་དགུ་བརྒྱ་ཉེར་གཅིག་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་དགུ་དང་སྟོང་ལྔ་བརྒྱད་བརྒྱ་བཅུ་དགུར་བསླེབས་ཡོད། རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་ད་རུང་མའོ་ཞི་ཁོ་དང་དབྱིན་ཇི། རྒྱ་སོགས་བཅས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།