ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལའི་གྲུ་གཟིངས་ནུབ་པའི་ལས་འཛོལ་ཁྲོད་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ལྔ་ཉིན་བྷང་ག་ལའི་བྱང་རྒྱུད་དུ་གྲུ་གཟིངས་ནུབ་པའི་ལས་འཛོལ་ཞིག་ཐོན་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་རེད།

ཚེས་ལྔ་ཉིན་བྷང་ག་ལའི་ཉེན་རྟོག་ཕྱོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བསྟན་དོན། དེ་ཉིན་དགོང་མོ་བྷང་ག་ལའི་རྒྱལ་ས་ཏ་ཁ་རུ་བྱང་ཆིངས་ཀྱི་སྤྱི་ལེ་བརྒྱ་དང་ང་བརྒྱད་ཀྱི་སར་ཡོད་པའི་ནེ་ཐུའུ་ཁུའུ་ས་ཁུལ་དུ་འགྲུལ་སྐྱེལ་གྲུ་གཟིངས་ནུབ་པའི་ལས་འཛོལ་ཐོན་ཡོད། དོན་རྐྱེན་བྱུང་རྗེས་མི་སུམ་ཅུ་རང་འགུལ་གྱིས་སྲོག་ཉེན་ལས་ཐར་བ་རེད། བྷང་ག་ལའི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་ཐོས་མ་ཐག་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད།

ཉེན་རྟོག་ཕྱོགས་ཀྱིས་གནམ་གཤིས་ངན་པའི་དབང་གིས་གྲུ་གཟིངས་ཆུར་ནུབ་པའི་དོན་རྐྱེན་འདི་འབྱུང་བར་ཚོད་དཔག་བྱས།

ད་ལོའི་ཟླ་དྲུག་པར། རྟ་ཁཱ་རུ་གྲུ་གཟིངས་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི་ཉེར་བཞི་ཤི་བ་རེད། བྷང་ག་ལ་ནི་ཨེ་ཤེ་ཡ་ལྷོ་མར་གནས་པ་དང་མངའ་ཁོངས་ནང་གི་གཙང་པོའི་ཧ་ཅང་དྲ་བ་སྟུག་པས་གྲུ་གཟིངས་སྐྱེལ་འདྲེན་ནི་འགྲིམ་འགྲུལ་བྱེད་སྟངས་གཙོ་བོའི་གྲས་ཤིག་རེད། གྲུ་གཟིངས་མི་ཉུང་བ་ཞིག་ཞིག་གསོ་མ་བྱས་པའི་རྐྱེན་གྱིས་རེད། དེའི་ཐོག་ཤོང་ཚད་ལས་བརྒལ་བ་དང་གནམ་གཤིས་ངན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་གྲུ་གཟིངས་ཆུར་ནུབ་པའི་ལས་འཛོལ་ཡང་ཡང་འབྱུང་གི་་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།