ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་པོ་ཧྲི་ཏུན་གྱི་མ་ལ་སུང་གི་འབར་གས་གྱོད་གཞིའི་ཉེས་ཅན་གཏེ་པོར་སྲོག་ཁྲིམས་བཅད་པའི་གྱོད་དོན་ལ་ཡང་བསྐྱར་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གཉིས་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་པོ་ཧྲི་ཏུན་གྱི་མ་ལ་སུང་རྒྱང་རྒྱུག་འཕེན་གསུམ་འགྲམ་སྡུར་གྱི་འབར་གས་གྱོད་གཞིའི་ཉེས་ཅན་གཙོ་བོ་ཅའོ་ཧར·ཁྲའར་ན་ཡེ་ཕུའུ་ལ་སྲོག་ཁྲིམས་བཅད་པའི་གྱོད་དོན་ལ་ཡང་བསྐྱར་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གོང་གཏུག་ཁྲིམས་ཁང་ཞིག་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཁྲིམས་ཐག་བཅད་པ་རེད། ཁྲའར་ན་ཡེ་ཕུའུ་ལ་སྲོག་ཆད་ཀྱི་ཁྲིམས་ཐག་བཅད་པ་ཕྱིར་སློག་བྱེད་པའི་རྒྱུ་མཚན་ནི་གྱོད་གཞི་ཞིབ་གཅོད་ཁྲིམས་དཔོན་གྱིས་འདྲི་གཅོད་ལས་རོགས་པའི་ལངས་ཕྱོགས་ལ་གྲལ་བཤེར་གང་ལེགས་བྱས་མེད་པའི་རྐྱེན་གྱིས་རེད།

“པོ་ཧྲི་ཏུན་གྱི་འབར་གས་གྱོད་གཞིའི་ཉེས་ཅན་ཅའོ་ཧ་ཨེར་·ཁྲའར་ན་ཡེ་ཧྥུ་ལས་སྲོག་ཆད་གཅོད་དགོས་པའི་མི་སུ་ཡང་མེད། ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་གསར་ལམ་གྱི“མགྱོགས་འཕྲིན”སྟེང་ཡིག་ཆ་བཀྲམ་ནས་བསྟན་དོན། “ཚེ་སྲོག་དེ་འདྲའི་མང་པོ་ཞིག་ཤོར་བ་དང་རྡུང་རྡེག་ཚབས་ཆེན་ཕོག་པས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ངེས་པར་དུ་གྱོད་གཞིའི་བསྐྱར་ཞིབ་ཁྲོད་སླར་ཡང་སྲོག་ཐོག་གི་ཁྲིམས་གཅོད་འཚོལ་ཞིབ་བྱེད་དགོས་ཅེས་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་སྐོར་སྐྱོད་ཁྲིམས་ཁང་དང་པོའི་གཏན་འབེབས་ལྟར་ན། ཁྲའར་ན་ཡེ་ཧྥུ་ཡི་ནག་ཉེས་མང་ཆེ་བ་གྲུབ་ཡོད་མོད། འོན་ཀྱང་གྱོད་དོན་དེ་ས་གནས་ཁྲིམས་ཁང་ལ་ཕྱིར་སྤྲད་ནས་ཡང་བསྐྱར་བྱས་ཉེས་ཚད་འབེབས་བྱེད་དུ་བཅུག མཇུག་མཐར་ད་ལོ་ལོ་ཉེར་བདུན་ལ་སོན་པའི་ཁྲའར་ན་ཡེ་ཧྥུ་ལ་སྲོག་ཁྲིམས་གཅོད་མིན་ཐག་བཅད། གོམ་སྟབས་རྗེས་མར་ཞིབ་དཔྱོད་ཕྱོགས་ཀྱིས་སླར་ཡང་གྱོད་གཞི་ཁྲིམས་ཁང་ལ་འདྲི་ཞིབ་བྱ་རྒྱུར་སྐྱེལ་མིན་ཐག་གཅོད་བྱེད་པའམ་ཡང་ན་ཁྲའར་ན་ཡེ་ཧྥུའུ་ཡི་བྱས་ཉེས་ཚད་འབེབས་དང་ལེན་ཞུས་ནས། ཚོད་བགམ་གློད་འགྲོལ་གཏོང་མི་ཆོག་པའི་ཚེ་གང་བཙོན་འཇུག་བྱ་རྒྱུར་བསྒྱུར་རྒྱུ་ཡིན་པ་རེད།

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། པོ་ཧྲི་ཏུན་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་མཐའ་ཐིག་གི་ཉེ་འགྲམ་དུ་འབར་གས་བྱུང་ཞིང་། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉིས་བརྒྱ་དང་དྲུག་ཅུ་ལ་རྨས་སྐྱོན་ཕོག་པས། ཨ་མེ་རི་ཁའི་སྤྱི་ཚོགས་ཡོངས་ཧ་ལས་སུ་བཅུག འབར་གས་གྱོད་གཞིའི་དོགས་ཡོད་ཉེས་ཅན་ཐ་མེར་ལན·ཁྲའར་ན་ཡེ་ཧྥུའུ་བྲོས་བྱོལ་དུ་འགྲོ་བའི་ལམ་བར་དུ་ཁྲིམས་འཛིན་མི་སྣ་དང་མེ་མདའ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བ་རེད། དོགས་ཡོད་ཉེས་ཅན་པ་གཞན་ཞིག་དང་ཐ་མེར་ལན་གྱི་གཅུང་པོ་ཅའོ་ཧ་འར་གྱིས་རྗེས་མཐུད་སྔོག་བཤེར་བྱ་སྤྱོད་ཁྲོད་ཚུད་པ་རེད། ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་པར། འདྲི་གཅོད་ལས་རོགས་པ་བཅུ་གཉིས་ལས་གྲུབ་པའི་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཤིག་གིས་ཁོ་ལ་སྲོག་ཁྲིམས་བཅད་པ་རེད།

རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པར་དངོས་སུ་ཁྲིམས་བཅད་མཇུག་འབྲས་ཁྱབ་བསྒྲགས་མ་བྱས་གོང་། ཁྲའར་ན་ཡེ་ཧྥུ་ཁ་རོག་གེར་བསྡད་ནས་ཐེངས་དང་པོར་འབར་གས་གྱོད་དོན་གྱི་གནོད་འཚེ་ཐེབས་མཁན་ལ་དགོངས་དག་ཞུས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།