ཀྲུང་གོ་བོད་ཀྱི་དྲ་བ།

གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་ཚོང་དོན་སླར་གསོར་སྣེ་ཁྲིད་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་ཕྱི་ཕྱོགས་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ལོ་འཁོར་གྱི་ཕྱི་ཕྱོགས་ཉོ་ཚོང་གནས་ཚུལ་གྱི་སྙན་ཞུའི་ནང་བསྟན་དོན། 2020ལོར་དབྱི་ཐ་ལིའི་ཕྱིར་གཏོང་བསྡོམས་འབོར་སྔོན་དཔག་བྱས་ན12%མར་ཆག་རྒྱུ་ཡིན་པ་རེད། རིམས་ནད་རྗེས་ཀྱི་དུས་རབས་སུ་གོ་ལ་ཧྲིལ་པོའི་ཚོང་དོན་སླར་གསོ་བྱ་རྒྱུ་དེ་གཙོ་བོ་ཨེ་ཤེ་ཡའི་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱིས་སྣེ་ཁྲིད་བྱ་རྒྱུ་དང་ཀྲུང་གོས་ལེགས་སྐྱེས་ཕུལ་ཚུལ་མངོན་གསལ་དོད་པོ་ཡིན་པ་རེད།

 སྙན་ཞུའི་ནང་བསྟན་དོན། ཀྲུང་གོ་ཚབ་མཚོན་ཡིན་པའི་གསར་དར་ཚོང་རའི་རྒྱལ་ཁབ་ཀྱིས་གློག་རྡུལ་ཚོང་དོན་བེད་སྤྱོད་མགྱོགས་མྱུར་ངང་འཕེལ་རྒྱས་དང་ཁྱབ་གདལ་བཏང་སྟེ་འཛད་སྤྱོད་དང་དཔལ་འབྱོར་ཉོ་ཚོང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། དེའི་ཁྲོད་ཀྲུང་གོའི་ཁྲོམ་རའི་གློག་རྡུལ་ཚོང་དོན་འཕར་ཚད11%ཟིན་རྒྱུ་རེད། དབྱི་ཐ་ལིའི《སྤྱི་མཐུན་རྒྱལ་ཁབ་ཀྱི་ཚགས་པར》ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོའི་དཔལ་འབྱོར་ལ་སྐུལ་ལྕག་ཐེབས་པའི་བསྐྱར་ལོག་བྱུང་བ་དེ་སྔོན་དཔག་ལས་མགྱོགས་པ་དང་སྲ་བརྟན་དུ་གྱུར་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་གྲུབ་འབྲས་གལ་ཆེན་ཐོབ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།