ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བརྒྱད་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་གཉིས་ཉིན་སྤེལ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ས་ཁུལ་གྱི་དུས་ཚོད་ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་སོ་བཞིའི་བར། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བརྒྱད་སྟོང་གཉིས་ལྔ་བརྒྱ་རེ་བདུན་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་དྲུག་དང་ཁྲི་བརྒྱད་སྟོང་བདུན་དགུ་བརྒྱ་སུམ་ཅུ་རྐྱེན་ལམ་དུ་ཤོར། 

ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ཞིང་། རིམ་རྩིས་ཀྱིས་ནད་པ་ས་ཡ་བཞི་དང་འབུམ་དྲུག་ཁྲི་དྲུག་སྟོང་ལྔ་དགུ་བརྒྱ་སོ་གཉིས་ལ་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་བརྒྱད་བརྒྱ་ཞེ་གཅིག་རྐྱེན་ལམ་དུ་ཤོར། བསྡོམས་རྩིས་གཞི་གྲངས་ཁྲོད་རིམ་རྩིས་ཀྱིས་ནད་པ་འབུམ་བཞི་ལས་བརྒལ་བའི་རྒྱལ་ཁབ་ལ་ད་རུང་པཱ་ཞི་དང་རྒྱ་གར། ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ། མའོ་ཞི་ཁོ། ཕེ་རུ་བཅས་ཡོད། 

གཞི་གྲངས་འདི་དག་ནི་ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་ནད་དུག་ཞིབ་འཇུག་ལས་གཞིས་དུས་ལྟར་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།