འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་དྲུག་ཁྲི་དྲུག་ལྔ་བརྒྱ་དང་ཉེར་གསུམ་ལ་བསླེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་དྲུག་ཁྲི་དྲུག་ལྔ་བརྒྱ་དང་ཉེར་གསུམ་ལ་བསླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་དྲུག་སྟོང་གཉིས་དགུ་བརྒྱ་ཉེར་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་དྲུག་ཁྲི་དྲུག་ལྔ་བརྒྱ་དང་ཉེར་གསུམ་ལ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བརྒྱད་བརྒྱ་ང་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དྲུག་དང་ཁྲི་བརྒྱད་བརྒྱད་བརྒྱ་གོ་བཞིར་བསླེབ་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།