ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་འཛིན་བཟུང་བྱས་བའི་ཨུ་རུ་སིའི་སྤྱི་དམངས་དེ་དག་ཕྱིར་གཏོང་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་སྨྱན་བྱད་ལ་བཤད་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་ཁོངས་མི་དང་གྲོས་ཚོགས་བསྡུ་སྐབས། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཉེ་སྔོན་བཟུང་བའི་ཨུ་རུ་སིའི་སྤྱི་དམངས་དེ་དག་ཕྱིར་གཏོང་དགོས་པའི་ཚུལ་བསྟན།

ཕེ་སི་ཁི་ཧྥུའུ་ཡིས་བཤད་དོན། མིག་སྔར་འབྱོར་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་སྤྱི་དམངས་དེ་དག་མེ་འཁོར་ལ་བསྡད་དེ་ཨུ་རུ་སི་དཀར་པོ་ལ་ཐོན་པ་དང་ཁོ་ཚོའི་ལག་ཏུ་ཐུར་ཁེ་འགྲོ་བའི་གནམ་གྲུའི་པ་སེ་ཡོད་ལ། དེར་འགྲོ་བའི་དམིགས་ཡུལ་ནི་ཨུ་རུ་སི་དཀར་པོ་ལ་འབྲེལ་བ་མེད། སྤྱི་དམངས་དེ་དག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་ཅི་ཡང་སྒྲུབ་མེད་ལ། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་མིག་སྔའི་བར་དུ་ཨུ་རུ་སིའི་སྤྱི་དམངས་དེ་དག་འཛིན་བཟུང་བྱས་པའི་ཆ་འཕྲིན་ཞིབ་མོ་གང་རུང་འདོན་སྤྲོད་མ་བྱས་པས་ཨུ་རུ་སི་ཕྱོགས་ཀྱིས་དེ་ལ་སེམས་ཁུར་བྱེད་ཀྱིན་ཡོད་ཟེར།

ཕེ་སི་ཁི་ཧྥུའུ་ཡིས་བཤད་དོན། ཅང་མི་འགོར་བར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་དོན་དག་དེ་ལུགས་མཐུན་སྒོས་ཐག་བཅད་དེ་ཨུ་རུ་སིའི་སྤྱི་དམངས་དེ་དག་ཕྱིར་གཏོང་བར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།