ཀྲུང་གོ་བོད་ཀྱི་དྲ་བ།

ཕོར་ཐི་ཀལ་གྱི་མེ་འཁོར་ཞིག་དང་ལྕགས་ལམ་ཉམས་གསོའི་རླངས་འཁོར་རྡུང་ཁ་ཤོར་ནས་མི་ང་གཉིས་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཕོར་ཐི་ཀལ་གྱི་མེ་འཁོར་ཞིག་དང་ལྕགས་ལམ་ཉམས་གསོ་རླངས་འཁོར་ཞིག་དབུས་རྒྱུད་ཀྱི་ཁོ་དབྱིན་པུའུ་ལ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གདོང་ཐུག་བརྒྱབ་རྗེས་ལྕགས་ལམ་ལས་བྲལ་བ་རེད། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བཅུ་ལ་རྨས་སྐྱོན་ཕོག་པ་དེའི་ནང་མིབདུན་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

ཕོར་ཐི་ཀལ་གྱི་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མེ་འཁོར་རྒྱལ་ས་ལི་སི་པོན་ནས་བྱང་ཕྱོགས་ཀྱི་གྲོང་ཁྱེར་པུའུ་ལ་ཅ་རུ་བཏང་སྟེ། ཁོ་དབྱིན་པུའུ་ལ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་སྐྱོད་སྐབས་ལས་ཀ་བྱེད་བཞིན་པའི་ལྕགས་ལམ་ཉམས་གསོའི་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་རྗེས་ལྕགས་ལམ་ལས་བྲལ་བ་རེད། ལས་འཛོལ་ཐོན་ཡུལ་གྱི་རོགས་སྐྱོབ་བཀོད་འདོམས་དཔོན་གྱིས་འདས་པོ་ལྕགས་ལམ་ཉམས་བཟོ་བྱེད་མཁན་ཡིན་ཞེས་བཤད་པ་རེད། མེ་འཁོར་ཐོག་འགྲུལ་པ་དང་ཁ་ལོ་བ་བཅས་མི་ཉིས་བརྒྱ་བཅུ་གཉིས་ཡོད། རྨས་མ་ས་གནས་དེ་གའི་སྨན་ཁང་དུ་བསྐྱལ་བ་དང་དེའི་ནང་མེ་འཁོར་ཁ་ལོ་བར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

ཕོར་ཐི་ཀལ་གྱི་ཙུང་ལི་ཁི་སི་ཐ་ཡིས་བཤད་རྒྱུར། ཁོས་ཐོག་མཐའ་བར་གསུམ་དུ་གནས་ཚུལ་འཕེལ་རྒྱས་ལ་དོ་ཁུར་བྱེད་ཀྱིན་ཡོད་ཅིང་། སྲིད་གཞུང་གིས་ལས་འཛོལ་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།