ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གླིང་སྣེ་བྱང་མརS-400རྟགས་ཅན་གྱི་འཕུར་མདའི་མ་ལག་བཀོད་སྒྲིག་བྱས་པ་ནི་རྒྱལ་སྲུང་གི་དགོས་མཁོ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་ཁི་ཨར་ཁྱིག་ནོའུ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ཨུ་རུ་སིའི་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སི་ཡིས་གླིང་སྣེ་བྱང་མརS-400རྟགས་ཅན་གྱི་འཕུར་མདའི་མ་ལག་བཀོད་སྒྲིག་བྱས་པ་ནི་ཨུ་རུ་སིའི་རྒྱལ་སྲུང་གི་དགོས་མཁོ་ཡིན་ཡིན་ཟེར། 

ཁི་ཨར་ཁྱིག་ནོའུ་ཧྥུའུ་ཡིས་བཤད་རྒྱུར། གླིང་སྣེ་བྱང་མརS-400རྟགས་ཅན་གྱི་འཕུར་མདའི་མ་ལག་བཀོད་སྒྲིག་བྱས་པ་ནི་ཨུ་རུ་སིའི་མངའ་ཁོངས་ཐད་ནས་ལོས་ཏཱའི་མ་ལག་ཞིབ་ཚགས་འཛུགས་པའི་གོ་རིམ་ཞིག་ཡིན་པ་དང་། དེ་ནི་ཨུ་རུ་སིའི་རྒྱལ་སྲུང་འཛུགས་སྐྲུན་གྱི་དགོས་མཁོ་ཡིན་ཟེར། 

ཡོ་རོབ་གླིང་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་དྲུག་པར་བཤད་རྒྱུར། ཨུ་རུ་སི་ཡིས་གླིང་སྣེ་བྱང་མའི་ཤུགས་རྐྱེན་ཇེ་ཆེར་གཏོང་བར་དོ་སྣང་བྱེད་དགོས་ལ། དེའི་ནངS-400རྟགས་ཅན་གྱི་འཕུར་མདའི་མ་ལག་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་ཀྱང་འདུས་ཡོད་ཟེར། 

ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་ཁོངས་སུ་གཏོགས་པའི་མཁའ་སྲུང་འཕུར་མདའི་དམག་དཔུང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་གླིང་སྣེ་བྱང་མརS-400རྟགས་ཅན་གྱི་འཕུར་མདའི་མ་ལག་བེད་སྤྱད་ནས་དམག་གྲབས་ཀྱི་ལས་འགན་ལག་བསྟར་བྱེད་མགོ་བརྩམས་ཏེ། ཨུ་རུ་སི་ཡིས་གླིང་སྣེ་བྱང་མའི་བར་སྣང་དོ་དམ་བཅོས་སྐྱོང་ནུས་པ་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།