ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཨ་མེ་རི་ཁའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་པ་ཀི་ཏའི་ཉེ་འགྲམ་དུ་བཅའ་སྡོད་བྱས་པའི་ཨ་རིའི་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་ཉིན་དེར་མེ་ཤུགས་འཕུར་མདེལ་གསུམ་གྱིས་འཇབ་རྒོལ་བྱས་པ་དང་མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་ཟེར།

དབྱི་རག་ནང་སྲིད་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། པ་ཀི་ཏའི་བྱང་ཕྱོགས་ཀྱི་་སྤྱི་ལེ་ཉི་ཤུ་ཡི་ཐ་ཅི་དམག་དོན་རྟེན་གཞིར་ཉིན་དེའི་དགོང་མོར། “ཁ་ཆིའུ་ཧྲ”མེ་ཤུགས་འཕུར་མདེལ་གསུམ་གྱིས་འཇབ་རྒོལ་བྱས་པ་དང་། དབྱི་རག་བདེ་འཇགས་དམག་དཔུང་གིས་འཕྲལ་མར་མཐའ་འཁོར་ས་ཁུལ་དུ་བྱ་སྤྱོད་སྤེལ་ནས་འཇབ་རྒོལ་བ་འཚོལ་བཞིན་ཡོད་ཟེར།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་མེད།

ཐ་ཅི་དམག་དོན་རྟེན་གཞིར་དབྱི་རག་དམག་དཔུང་གི་སྦྱོང་བརྡར་བྱེད་འགན་འཁུར་མཁན་ཨ་མེ་རི་ཁའི་དམག་དཔུང་གི་དཔོན་དམག་བཅའ་སྡོད་བྱས་ཡོད། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་དམག་དོན་རྟེན་གཞི་དེར་མེ་ཤུགས་འཕུར་མདེལ་གཉིས་ཀྱིས་འཇབ་རྒོལ་བྱས་པས་མི་སྣ་ཤི་རྨས་བྱུང་མེད།

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཨ་མེ་རི་ཁ་དང་དབྱི་རག་སྲིད་གཞུང་གིས་འཐབ་ཇུས་གླེང་མོལ་བྱས་པར་མ་ཟད། མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཨ་མེ་རི་ཁས་མ་འོངས་པའི་ཟླ་བ་འགའི་ནང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གཞི་ཁྱོན་ཉུང་དུ་གཏོང་རྒྱུ་རེད། གསལ་བསྒྲགས་ནང་ཨ་མེ་རི་ཁས་དབྱི་རག་ཏུ་ཡུན་རིང་བཅའ་སྡོད་དམག་དཔུང་དང་དམག་དོན་རྟེན་གཞི་འཚོལ་ཞིབ་མི་བྱེད་པ་དང་། དབྱི་རག་སྲིད་གཞུང་གིས་ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ”ཀྱི་རྒྱལ་སྤྱིའི་མནའ་འབྲེལ་དཔུང་སྡེའི་མི་སྣ་དང་དེའི་བཅའ་སྡོད་རྟེན་གཞིའི་བདེ་འཇགས་ལ་རྡུང་རྡེག་གཏོང་རྒྱུའི་ཁས་ལེན་བྱས་པ་བསྐྱར་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།