ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཨའོ་པུའུ་ལའེ་ཨེན་ལ་པྲོག་དབྱིབས་ནད་དུག་གསར་པ་འགོས་འདུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་བདུན་ཉིན། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཨ་མེ་རི་ཁའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལུའོ་པོ་ཐེ·ཨའོ་པུའུ་ལའེ་ཨེན་ལ་པྲོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་ར་སྤྲོད་བྱས་པ་རེད།

ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་བཤད་དོན། ཨའོ་པུའུ་ལའེ་ཨེན་གྱི་ནད་རྟགས་ཅུང་ཆུང་བ་དང་རང་ཉིད་ལོགས་སུ་བཀར་བ་མ་ཟད། རྒྱང་རིང་གཞུང་དོན་སྒྲུབ་པ་དང་ཙུང་ཐུང་ཐི་ལང་ཕུའུ་དང་ཙུང་ཐུང་གཞོན་པ་ཕེང་སིར་ནད་དུག་འགོས་པའི་ཉེན་ཁ་མེད། ཨའོ་པུའུ་ལའེ་ཨེན་གྱིས་འགོ་ཁྲིད་གནང་བའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཤུགས་རྐྱེན་མི་ཐེབས་ཟེར།

ཨོ་པུའུ་ལའེ་ཨེན་གྱིས་ན་ནིང་གི་ཟླ་དགུ་པ་ནས་བཟུང་ད་ལྟའི་ལས་འགན་འཁུར་བཞིན་ཡོད། ད་བར་དུ་ནད་དུག་གསར་བ་འགོས་པའི་ལས་གནས་ཆེས་མཐོ་བའི་ཨ་རིའི་སྲིད་གཞུང་གི་དཔོན་པོ་ཡིན། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨའོ་པུའུ་ལའེ་ཨེན་ཐི་ལང་ཕུའུ་དང་མཉམ་དུ་བྱེད་སྒོར་ཞུགས་ཐེངས་དང་པོ་ནི་ཟླ་བདུན་པའི་ཚེས་བཅུ་ཉིན་ཧྥོ་ལུའོ་ལི་ཏ་ཀྲོའུ་རུ་ཡོད་པའི་ཨ་མེ་རི་ཁའི་ལྷོ་ཕྱོགས་དམག་སྤྱི་ཆེན་མོའི་སྒར་དུ་འཚམས་འདྲིར་ཕེབས་པ་དེ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།