ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཀྲུང་ཨ་ཕ་ནེ་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བརྙན་ལམ་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན། ནེ་པ་ལ་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས27ཉིན་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་ཚབ་པ་ཨ་ཐེ་མར་དང་། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་ཞི་དང་དཔལ་འབྱོར་ལས་དོན་པུའུ་ཀྲང་པ་ཧོ་ཐི་ཡར། ནེ་པ་ལའི་ཕྱི་འབྲེལ་པུའུ་ཀྲང་ཅ་ཝ་ལི་བཅས་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་བསྟན་དོན། ཁྱིམ་མཚེས་རྒྱལ་ཁབ་དང་རོགས་ཟླ་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཨ་པ་ནེ་རྒྱལ་ཁབ་གསུམ་དང་མུ་མཐུད་དུ་དཀའ་སྡུག་མཉམ་མྱོང་དང་དུས་ངལ་མཉམ་སེལ་བྱས་ཏེ་ལག་གདང་སྦྲེལ་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད། གཞི་རྩའི་དམངས་འཚོར་འགན་སྲུང་བྱས་ནས་མཐར་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་བར་འབད་རྒྱུ་ཡིན་ཞེས་བསྟན།

ཝང་དབྱི་ཡིས་རྒྱལ་ཁབ་བཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་འགོ་ཁག་བཞི་བཏོན་པ་སྟེ། གཅིག་ནི་མཐུན་སྒྲིལ་སྒོས་རིམས་ནད་འགོག་བཅོས་ཐད་ངོས་འཛིན་སྲ་བརྟན་དུ་གཏོང་རྒྱུ་དང་། གཉིས་ནི་ས་ཁོངས་ནས་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་སྤེལ་རྒྱུ། གསུམ་ནི་རིམས་ནད་འགོག་པ་དང་རིམས་འགོག་སྨན་ཁབ་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནི་རིམས་ནད་བྱུང་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།

ཚོགས་ཞུགས་རྒྱལ་ཁབ་གསུམ་གྱི་པུའུ་ཀྲང་གིས་ཕྱོགས་གསུམ་པོས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྡོག་རྩ་གཅིག་སྒྲིལ་དང་། རིམས་ནད་འགོག་བཅོས་ཐད་མཉམ་ལས་ཟབ་སྤེལ། མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཉོ་ཚོང་དང་སྐྱེལ་འདྲེན་གྱི་བགྲོད་ལམ་བདེ་བགྲོད་ཡོང་བར་འགན་ལེན་ཏན་ཏིག མི་སྣ་འགྲོ་འོང་དང་ཉོ་ཚོང་འབྲེལ་གཏུག་བྱེད་པར་སྐུལ་འདེད་གཏོང་བ། བདེ་ཐང་གི་དར་གོས་ཚོང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བཏང་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།