ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་བྱང་ཤར་རྒྱུད་དུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་སེར8རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས26ཉིན་སི་རི་ཡའི་བྱང་ཤར་རྒྱུད་ཀྱི་ཧ་སའེ་ཁེ་ཞིང་ཆེན་དུ་རླངས་འཁོར་འབར་གས་ཀྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི་སེར8རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད།

 གསར་འགྱུར་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། འཇབ་རྒོལ་དེ་ཧ་སའེ་ཁེ་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་ལཱ་སི་ཨེ་དབྱིན་གྲོང་ཁྱེར་གྱི་སྔོ་ཚོད་ཁྲོམ་ར་ཞིག་ཏུ་འབར་གས་འབྱུང་སླ་བའི་རླངས་འཁོར་ཞིག་བཞག་ཡོད་པ་ལས་བྱུང་ཞིང་། བུད་མེད་དང་བྱིས་པ་ཚུད་པའི་མི་སེར8རྐྱེན་ལམ་དུ་ཤོར་བ་དང་རྨས་མ་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

ལཱ་སི་ཨེ་དབྱིན་གྲོང་ཁྱེར་གྱི་ཉེ་འདབས་སུ་ཟླ6པའི་ཚེས23ཉིན་རླངས་འཁོར་འབར་གས་ཀྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་མྱོང་། ཉུང་མཐར་ཡང་མི་སེར3རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད།

ལཱ་སི་ཨེ་དབྱིན་གྲོང་ཁྱེར་དང་དེའི་མཐའ་འཁོར་ས་ཁུལ་དུ་མིག་སྔར་ཐུར་ཁེའི་དམག་དཔུང་དང་དེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་དྲག་ཤུགས་ཀྱིས་ཚོད་འཛིན་བྱེད་ཀྱིན་ཡོད། 2019ལོའི་ཟླ10ཚེས9ཉིན་ཐུར་ཁེའི་དམག་དཔུང་མཐའ་མཚམས་བརྒལ་ནས་སི་རི་ཡའི་བྱང་རྒྱུད་དུ་བསྐྱོད་ཡོད་དེ་དུས་ཡུན་རིང་པོའི་ནང་འཇིགས་སྐུལ་རྩ་འཛུགས་སུ་བརྩི་བའི་ཁུའར་ཏེ་དྲག་ཆས་དམག་ལ་དམག་དོན་བྱ་སྤྱོད་སྤེལ་ནས་སི་རི་ཡའི་བྱང་རྒྱུད་མཐའ་མཚམས་ཀྱི་ས་ཁུལ་མང་པོར་བཙན་བཟུང་བྱས། སི་རི་ཡས་དེར་རྒོལ་གཏམ་བཏང་ནས་ཁྲིམས་མཐུན་གྱི་བྱེད་ཐབས་མཐའ་དག་སྤྱད་དེ་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།