ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་ཙུང་ལི་གསར་བའི་མིང་འདོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་སེ་དབྱེ་ཏི་ཡིས་ཉིན་དེར་ལྟ་སྐྱོང་སྲིད་གཞུང་གི་ནང་སྲིད་པུའུ་ཀྲང་མེད་ཞི་ཞི་ཙུང་ལི་གསར་བར་མིང་འདོན་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། རྩ་ཁྲིམས་ལྟར་ན། མེད་ཞི་ཞི་ཡིས་ཟླ་གཅིག་གི་སྲིད་གཞུང་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱེད་དགོས་པར་མ་ཟད། སྲིད་གཞུང་གསར་བའི་རྩ་འཛུགས་མིང་ཐོ་དེ་གྲོས་ཁང་ལ་ཆོག་མཆན་འགོད་པར་སྤྲོད་དགོས་པ་རེད། 

སྲིད་གཞུང་གསར་བའི་རྩ་འཛུགས་ལ་ངེས་པར་དུ་གྲོས་ཁང་གི་གྲོས་མི་ཉིས་བརྒྱ་དང་བཅུ་བདུན་ཁྲོད་ཀྱི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་དགོས་པ་རེད། 

མེད་ཞི་ཞི་ནི་གཅིག་སྟོང་དགུ་བརྒྱ་དོན་བཞིའི་ལོར་སྐྱེས་པ་དང་། ཁྲིམས་ལུགས་རིག་པ་དང་དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་གཉིས་བླངས་ཡོད། ད་ལོའི་ཟླ་གཉིས་པར་ནང་སྲིད་པུའུ་ཀྲང་དུ་བསྐོ་འཇོག་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།