ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་བ་བརྙན་རིས་ཀྱི་ལམ་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས་ཉེར་བཞི་ཉིན་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་བ་བརྙན་རིས་ཀྱི་ལམ་ནས་བསྡུས། ཚོགས་ཐོག་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་བའི་མཉམ་འབྲེལ་སྤྱི་སྒྲོག་དང་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅོས་སྒྱུར་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་ལ་གྲོས་མཐུན་བཀོད་པ་དང་། དངུལ་སྟོང་སྟབས་བདེ་ཅན་གྱི་བཟོད་སྒོམ་དང་ཁེ་ལས་འབྲིང་ཆུང་ནུས་ལྡན་སྒོས་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བའི་ཕྱོགས་སྟོན་གཉིས་ལ་ཆོག་མཆན་བཀོད་དེ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་བཅུ་གཉིས་པར་དཔལ་འབྱོར་ཉོ་ཚོང་ཕྱོགས་ནས་གྲ་སྒྲིག་བྱས།

རྒྱལ་ཁབ་ལྔའི་པུའུ་ཀྲང་གིས་གཅིག་གྱུར་སྒོས་བལྟས་ན། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པས། འཛམ་གླིང་གི་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད། ཛ་དྲག་ཆེ་བའི་གནས་བབ་མདུན་དུ་གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཉམ་ལས་རྒྱུན་འཁྱོངས་དང་དཀད་ཁག་མཉམ་སེལ་བྱེད་དགོས་པར་སྙམ། ཕྱོགས་སོ་སོས་འདོན་སྤྲོད་ཕྲེང་འབྲེལ་དང་རིན་ཐང་ཕྲེང་འབྲེལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཞིང་ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུར་འཐད་པ་བྱུང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་ཁས་བླངས་ཤིང་། གློག་རྡུལ་ཚོང་དོན་དང་ཤེས་བྱའི་ཐོན་དབང་། ཁེ་ལས་འབྲིང་ཆུང་། དངུལ་གཏོང་སྟབས་བདེ་ཅན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པར་མ་ཟད་ཉིས་སྟོང་ཉེར་ལྔ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་གྲོགས་པོའི་འཐབ་ཇུས་གཏན་འཁེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།