ཀྲུང་གོ་བོད་ཀྱི་དྲ་བ།

ཧྥི་ལི་ཕིན་གྱི་དམག་སྤྱོད་གྱེན་འཕུར་གནམ་གྲུ་གཅིག་སར་ལྷུང་ནས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥི་ལི་ཕིན་གཞུང་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་དམག་སྤྱོད་གྱེན་འཕུར་གནམ་གྲུ་ཞིག་དགོང་མོ་བྱང་རྒྱུད་ཀྱི་དབྱི་ཧྲ་པེ་ལ་ཞིང་ཆེན་དུ་ལྷུང་ནས་གནམ་གྲུའི་ཐོག་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་རེད།

ཧྥི་ལི་ཕིན་མཁའ་དམག་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། སར་ལྷུང་པའི་གྱེན་འཕུར་གནམ་གྲུ་ནི“ཤིའུ་དབྱི”UH-1རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཡིན་པ་དང་། ཧྥི་ལི་ཕིན་མཁའ་དམག་གི205འཐབ་རྩལ་གྱེན་འཕུར་གནམ་གྲུའི་མཉམ་འབྲེལ་རུ་ཁག་གི་ཁོངས་སུ་གཏོགས་པ་རེད། གྱེན་འཕུར་གནམ་གྲུ་འདི་ས་དེའི་དུས་ཚོད་བདུན་གྱི་སྟེང་དབྱི་ཧྲ་པེ་ལ་ཞིང་ཆེན་གྱི་དམག་སྒར་ཞིག་ནས་འཕུར་བ་རེད། འཕུར་རྗེས་ཅང་མ་འགོར་པར་སར་ལྷུང་བ་དང་། སྐབས་དེར་གནམ་གྲུའི་སྟེང་དུ་མི་ལྔ་ཡོད།

ཡུལ་དངོས་ནས་འཚོལ་སྐྱོབ་བྱས་པའི་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མིག་སྔར་གནམ་གྲུའི་ཐོག་གི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་སྐྱོན་ཕོག དེ་མིན་མི་གཉིས་གར་སོང་ཆ་མེད་དུ་གྱུར་པ་བཅས་ར་སྤྲོད་བྱས་ཡོད།

ཧྥི་ལི་ཕིན་མཁའ་དམག་གིས་ལས་འཛོལ་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།