ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་ལྔ་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་ལྔ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་རིམས་ནད་བྱུང་བའི་གནས་ཚུལ་ཡར་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་བཅུའི་བར་དུ་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་འབུམ་གཉིས་དང་ཁྲི་བཞི་སྟོང་བདུན་དང་ཉིས་བརྒྱ་ཉེར་ལྔ་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་ལྔ་ཁྲི་གཅིག་སྟོང་གཉིས་བདུན་བརྒྱ་སོ་གཅིག་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བདུན་དང་གོ་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་དྲུག་དང་ཁྲི་གཅིག་སྟོང་དགུ་དང་ལྔ་བཅུ་ལ་སླེབས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།