ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཉིན་དེར་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་སྟོང་གཉིས་དང་སུམ་བརྒྱ་རེ་གཅིག་གསར་སྣོན་བྱས་པ་དང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་འབུམ་གཅིག་དང་སྟོང་གཉིས་ཉིས་བརྒྱ་ཉེར་དྲུག་གཏན་འཁེལ་བྱས་ཡོད་ཅིང་། གསར་དུ་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱད་ཅུ་དང་རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་སྟོང་བཞི་བརྒྱ་དང་ཉེར་གཉིས་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད།དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཉིས་ཉིས་བརྒྱ་ང་བརྒྱད་ཀྱིས་ཇེ་མང་དུ་ཕྱིན་པ་དང་རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་ཁྲི་དྲུག་དང་སྟོང་དགུ་བཞི་བརྒྱ་ལྔ་སངས་དྲག་བྱུང་བ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་རག་གིས་འདས་ཟིན་པའི་ཆུ་ཚོད་ཉེར་བཞིའི་རིང་ནད་དུག་གསར་པའི་མ་དཔེ་ཁྲི་གཅིག་སྟོང་དྲུག་དགུ་བརྒྱ་ཞེ་བདུན་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་།རིམ་རྩིས་བྱས་ན་མ་དཔེ་འབུམ་བརྒྱ་དང་ཁྲི་དྲུག་སྟོང་གཅིག་ཁྲི་ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་རེད། དབྱི་རག་གི་རིམས་ནད་ཚབས་ཆེ་ཤོས་ཀྱི་རྒྱལ་ས་པ་ཀི་ཏ་ས་ཁུལ་དུ་ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་དགུ་བརྒྱ་གཉིས་ཀྱིས་ཇེ་མང་དུ་སོང་ཡོད།
དབྱི་རག་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་བསྒྲགས་སྤེལ་ནས། པ་ཀི་ཏ་དང་པ་ཧྲི་ལ། ན་ཅེ་ཕུའུ་བཅས་གནམ་གྲུ་ཐང་ཉིན་དེར་སླར་ཡང་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། དབྱི་རག་གི་ཁུའུ་ཨེར་ཏེ་རང་སྐྱོང་ལྗོངས་ཀྱི་ཨེར་པི་ལེ་དང་སུའུ་ལའེ་མན་ཉི་ཡ་གནམ་གྲུ་ཐང་གིས་འཕྲོད་བསྟེན་པུའུ་ཡི་བླང་བྱ་ལྟར་རིམས་འགོག་གྲ་སྒྲིག་ལེགས་པོ་བྱས་མེད་པའི་དབང་གིས། གནས་སྐབས་འཁོར་སྐྱོད་སླར་གསོ་བྱུང་མེད།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
དབྱི་རག་གིས་རིམ་རྩིས་བྱས་ན་ནད་པ་འབུམ་གཅིག་ལྷག་གཏན་འཁེལ་བྱས།