ཀྲང་ལིས་ཀྱིས་ཀྲུང་གོར་སྡོད་པའི་ཝུ་ར་ཀུའེ་གཞུང་ཚབ་ཆེན་མོ་ཧྥེ་ཨར་ནན་ཏོ་ལུའུ་ཀི་ལིས་སི་འཁོར་དང་བཅས་བར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཟི་ལིང་ནས་ཀྲུང་གོར་སྡོད་པའི་ཝུ་ར་ཀུའེ་གཞུང་ཚབ་ཆེན་མོ་ཧྥེ་ཨར་ནན་ཏོ་ལུའུ་ཀི་ལིས་སི་འཁོར་དང་བཅས་བར་ཐུག་འཕྲད་བྱས།

ཀྲང་ལིས་ཀྱིས་བཤད་དོན། ང་ཚོས་ཝུ་ར་ཀུའེ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། གཞུང་ཚབ་ཆེན་མོ་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་བ་དེས་ཕྱོགས་གཉིས་བར་དུ་མཛའ་མཤེས་ཟབ་མོ་ཆགས་པར་བྱས་ཤིང་། ང་ཚོས་མ་འོངས་པར་ཁ་ཕྱོགས་ཏེ་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་སྤྱི་ཁོག་ནང་དུ་མཚོ་སྔོན་དང་ཝུ་ར་ཀུའེ་ས་གནས་བར་གྱི་དངོས་གཉེར་མཉམ་ལས་རྒྱ་ཆེར་སྤེལ་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་མངོན་འགྱུར་བྱེད་ངེས་ཡིན་ཟེར།

ཧྥེ་ཨར་ནན་ཏོ་ལུའུ་ཀུ་ལིས་སི་ཡིས་བཤད་དོན། ཝུ་ར་ཀུའེ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པའི་ཁོངས་གཏོགས་རྒྱལ་ཁབ་ཡིན་ལ། ད་ཐེངས་ཀྲུང་གོའི་ནུབ་རྒྱུད་དུ་ཡོང་དོན་ནི་སྔར་ལས་མང་པོའི་མཉམ་ལས་ཀྱི་གོ་སྐབས་འཚོལ་རྒྱུ་དེ་ཡིན་པ་དང་། མ་འོངས་པར་ཕྱོགས་གཉིས་ཀྱིས་རིག་གནས་དང་ལུས་རྩལ། སློབ་གསོ་སོགས་ཁྱབ་ཁོངས་སུ་སྔར་ལས་མང་པོའི་བརྗེ་རེས་དང་མཉམ་ལས་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།