ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡའི་གློ་ཚད་གསར་པ་གཏན་འཁེལ་བྱས་པའི་ནད་པ་ཁྲི་དགུ་ལས་བརྒལ་བ་དང་གསར་དུ་རྐྱེན་ལམ་དུ་ཤོར་བའི་ནད་དཔེ་མཐོ་རླབས་སུ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གཞི་གྲངས་གསར་པ་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དེ་སྔོན་མ་ལས་སྟོང་གཅིག་དང་བརྒྱ་བརྒྱ་གྱ་གཉིས་ཡིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ་ཁྲི་དགུ་དང་སྟོང་གཅིག་བདུན་བརྒྱ་ང་གཅིག་གཏན་འཁེལ་བྱས་ལ། གསར་དུ་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་སོ་དགུ་ཡིས་ཇེ་མང་དུ་ཕྱིན་ནས། རིམས་ནད་ཐོན་ཚུན་གྱི་ཟིན་ཐོ་གསར་པ་བསྐྲུན་པ་དང་རིམ་རྩིས་བྱས་ན་མི་སྟོང་བཞི་དང་བཞི་བརྒྱ་ང་དགུ་རྐྱེན་ལམ་དུ་ཤོར་བ་དང་། རིམ་རྩིས་བྱས་ན་ནད་པ་ཁྲི་ལྔ་དང་ཉིས་བརྒྱ་རེ་གཅིག་དྲག་སྐྱེད་བྱུང་།

གཞི་གྲངས་ལས་མངོན་པ་ལྟར་ན། ཤར་གྱི་ཀྭ་ཝ་ཞིང་ཆེན་ནི་སྙན་ཞུའི་ནང་གཏན་འཁེལ་བྱུང་བ་དང་རྐྱེན་ལམ་དུ་ཤོར་བ་མང་ཤོས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་། མིག་སྔར་རིམ་རྩིས་བྱས་ན་ནད་པ་ཁྲི་གཅིག་དང་སྟོང་དགུ་གོ་གསུམ་གཏན་འཁེལ་བྱས་ཡོད། བསྡོམས་པས་མི་སྟོང་གཅིག་དང་བཞི་བརྒྱ་གོ་དྲུག་རྐྱེན་ལམ་དུ་ཤོར་བ་རེད། གཞི་གྲངས་ལས་ད་དུང་མངོན་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡར་རིམས་ནད་ཐོན་ཚུན་མི་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བརྒྱད་སྟོང་གསུམ་ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད་པ་རེད།

ཧིན་རྡུ་ཉི་ཞི་ཡའི་རང་བཙན་དམངས་འདོད་བརྟག་དཔྱད་སྒྲིག་གཞིའི“ཆབ་སྲིད་དམིགས་ཚད”ཟླ་འདིའི་ཚེས་བཅུ་གསུམ་ནས་བཅུ་དྲུག་ཉིན་བར་བཅར་འདྲི་དང་ལེན་བྱེད་མཁན་སྟོང་གཅིག་དང་ཉིས་བརྒྱ་ཙམ་ལ་བརྟག་དཔྱད་བྱས་འབྲས་ལས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་གཉིས་ཀྱིས་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གི་རིམས་ནད་འགོག་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཡིད་ཚིམ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།