ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐབས་གཉིས་པའི་ན་ཨེར་ཞུན•མན་ཏི་ལའི་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བདུན་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་པའི་ཀྲུའུ་ཞི་ཏི་ཅ་ཉི·མུའུ་ཧན་མོ་ཏེ—པན་ཏེས་ཁྱབ་བསྒྲགས་བྱས་དོན། ཀེ་རི་སེ་རྒྱལ་ཁབ་ཀྱི་མཱ་ལི་ཨན་ན·ཝ་ཅི་ནུའོ་དབྱང་ཉི་སི་དང་ཀི་ནེ་ཡ་རྒྱལ་ཁབ་ཀྱི་མོ་ལི་ས་ནཱ·ཁུའུ་ཡ་ཐེར་གཉིས་ལ་སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ན་ཨེར་ཞུན·མན་ཏི་ལའི་བྱ་དགའ་ཐོབ་པ་རེད།

མུའུ་ཧན་མོ་ཏེ-པན་ཏིའི་མགྲིན་ཚབ་པ་ལི་མུའུ·ཨ་པ་ཀྲ་ཡིས་གསལ་བསྒྲགས་ཤིག་གི་ནང་། ཝ་ཅི་ནུའོ་དབྱང་ཉི་སི་ནི་ཀེ་རི་སེའི་དགེ་སྒྲུབ་པ་ཞིག་ཡིན་པ་དང་ཁོང་གིས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་བྱིས་པའི་འབྲས་སྐྲན་ཕོག་མཁན་དྲག་སྐྱེད་ཡོང་རྒྱུར་རོགས་རམ་བྱས་ཡོད། ཁུ་ཡ་ཐི་ནི་ཨ་ཧྥེ་རི་ཁ་གླིང་གི་བུད་མེད་དང་བྱིས་པ་བུ་མོའི་དྲག་ཤུགས་ལ་ངོ་རྒོལ་བྱེད་མཁན་ཡིན།

ཨ་པ་ཀྲ་ཡིས་ད་ཐེངས་ཀྱི་ན་ཨེར་ཞུན·མན་ཏི་ལའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ། ད་ལོའི་ལོ་མཇུག་ཏུ་ཉིའུ་ཡའོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོག་རྒྱུ་རེད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར། སྐབས་རེ་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ན་ཨེར་ཞུན·མན་ཏི་ལའི་བྱ་དགའ་འཛུགས་རྒྱུའི་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་སྟེ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཟུར་པ་མན་ཏི་ལར་གུས་འདུད་ཞུ་བ་དང་ཆབས་ཅིག གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དང་རྩ་དོན་དར་སྤེལ་གཏོང་བར་ལེགས་སྐྱེས་འབུལ་མཁན་མི་སྒེར་ལ་གཟེངས་བསྟོད་གནང་རྒྱུའི་ཐག་བཅད་པ་རེད།

ན་ཨེར་ཞུན་•མན་ཏི་ལའི་བྱ་དགའ་དེ་ལོ་ལྔའི་རིང་ཐེངས་རེར་སྤྲོད་ཀྱིན་ཡོད་ཅིང་། ཉིས་སྟོང་བཅོ་ལྔ་ལོར་སྐབས་དང་པོའི་ན་ཨེར་ཞུན·མན་ཏི་ལའི་བྱ་དགའ་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཟུར་པ་སང་ཕ་ཡོ་དང་ན་སྨི་པི་ཡའི་མིག་ནད་ཚན་ཁག་གི་སྨན་པ་ཨེན་ཏུའུ་མའེ་ལ་སྤྲད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།