ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་འདེམ་བསྐོ་འགྲན་བསྡུར་ཚོགས་པའི་འགོ་གཙོ་བརྗེ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་ལྔ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོ་བསྡུ་བར་དུས་ཡུན་ཟླ་ངོ་བཞི་ཡང་མེད་པའི་སྐབས་འདིར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན།ཁོའི་འགྲན་ཞུགས་ཚོགས་པའི་འགོ་གཙོ་བརྗེ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཨ་མེ་རི་ཁའི་གསར་ལམ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ཐི་ལང་ཕུའུ་ལ་ཉེ་དུས་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཚད་དེ་དམངས་གཙོ་ཏང་གི་འགྲན་ཡ་སྟེ་དེ་སྔའི་ཙུང་ཐུང་གཞོན་པ་ཆའོ་པའེ་ཏེང་གི་རྗེས་སུ་ལུས་ཡོད། དེར་བརྟེན་འགྲན་ཞུགས་ཚོགས་པའི་འགོ་གཙོས་བྱ་བ་མ་འཁྱོངས་པར་ཁག་བཀལ་བ་རེད། 

ཐི་ལང་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན་གྱི་མཚན་གུང་དུ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་སྟེ། “པིར·སི་ཐེ་ཕི་ཨེན་ཐི་ལང་ཕུའུ་ཡི་འགྲན་ཞུགས་ཚོགས་པའི་འགོ་གཙོའི་གོ་གནས་སུ་འཇོག་རྒྱུ”དང་། དེ་སྔའི་འགོ་གཙོ་པུའུ་ལ་ཏེ·ཕ་སི་ཁེའར་ཚོགས་པ་དེའི “མཐོ་རིམ་བློ་འདོན་པར་བསྐོ་འཇོག་བྱེད་པའི་དུས་མཚུངས་སུ། “གྲངས་ཀ་དང་གཞི་གྲངས་འཐབ་ཇུས”ཀྱི་ལས་དོན་ལ་མུ་མཐུད་འགོ་ཁྲིད་བྱེད་དགོས་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་མི་དོན་འགྱུར་ལྡོག་ལས་ཐི་ལང་ཕུའུ་ཡིས་ཉིས་སྟོང་བཅུ་དྲུག་ལོར་ཙུང་ཐུང་འདེམས་བསྐོའི་རིང་དང་དེ་བཞིན་བདམས་ཐོན་བྱུང་ཚུན་གྱི་ཕོ་བྲང་དཀར་པོའི་མི་སྣ་མང་དུ་བརྗེ་བ་མཚོན་ཡོད།

ཕ་སི་ཁེ་ཨར་ནི་མ་གཞི་ནས་ཆབ་སྲིད་ཀྱི་ལས་དང་པོ་བ་ཞིག་ཡིན། ཉིས་སྟོང་བཅུ་དྲུག་ལོར་ཐི་ལང་ཕུའུ་ཡི་འགྲན་ཞུགས་རུ་ཁག་གི་གྲས་སུ་ཞུགས་རྗེས། གཞི་གྲངས་བརྡ་ཁྱབ་ལས་དོན་གཉེར་སྐྱོང་གི་འགན་འཁུར་ཡོད། ཕ་སི་ཁེར་དང་མི་འདྲ་བར། སི་ཐེ་ཕི་ཨེན་ནི་སྤྱི་མཐུན་ཏང་གི་ཆབ་སྲིད་པ་རྒན་གྲས་ཤིག་ཡིན་ལ། ད་ཐེངས་ཀྱི་གོ་གནས་མ་སྤར་གོང་ཁོས་ཐི་ལང་ཕུའུ་འགྲན་ཞུགས་ཚོགས་པའི་འགོ་གཙོ་གཞོན་པའི་འགན་འཁུར་གྱི་ཡོད།

ཨ་མེ་རི་ཁ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཐི་ལང་ཕུའུ་ཡིས་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཨུ་ཁེ་ལ་ཧོ་མཱ་མངས་སྡེ་ཐའར་སར་རིམས་ནད་ཐོན་ཚུན་གྱི་ཡུལ་དངོས་འགྲན་འདེམས་འདུ་ཚོགས་ཐེངས་དང་པོ་འཚོགས་མོད། འོན་ཀྱང་ཚོགས་འདུར་ཞུགས་མཁན་མི་གྲངས་དེ་སྔོན་དཔག་ལས་ཉུང་བ་ཡོད་པར་བརྟེན། ཐི་ལང་ཕུའུ་ཡི་བློར་མ་བབས། ཉེ་དུས་དམངས་འདོད་བརྟག་དཔྱད་མང་པོ་ཞིག་ལས་མངོན་པ་ལྟར་ན། དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མིའི་མིང་འདོན་གཏན་འཁེལ་བྱེད་པའི་པའེ་ཏེང་ལ་རྒྱབ་སྐྱོར་བྱེད་ཚད་རིམ་བཞིན་སྔོན་ལ་སླེབས་ནས། ཕ་སི་ཁེའར་གྱིས་འགྲན་འདེམས་ཚོགས་པའི་ནང“བས་མཐའ”ཅན་དུ་འགྱུར་རྒྱུར་སྐུལ་མ་ཐེབས་ཡོད།

གཞན་ཡང་ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཐི་ལང་ཕུའུ་ཡི་བློ་འདྲི་བ་ཚོས་ལྐོག་ཏུ་ཐི་ལང་ཕུའུ་བསྟུད་མར་འདེམས་བསྐོ་བྱས་པའི་ཚོགས་པའི་དྲིལ་བསྒྲགས་ལ“བརྗོད་སྙིང་གཙོ་བོ”མེད་ཅེས་སྐྱོན་བརྗོད་བྱས་མོད། འོན་ཀྱང་ཁོ་ཚོས་ཐི་ལང་ཕུའུ་རང་ཉིད་ཀྱིས་ཀྱང་འགན་འཁྲི་འཁུར་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། འདེམས་དམངས་ལ་ཁོང་གི་འགན་ཡུན་གཉིས་པའི་ཐད་ཁོང་ལ་འདེམས་དམངས་དང་འབྲེལ་གཏུག་བྱེད་པའི“སྒྲིག་སྲོལ”མེད་ཅེས་བརྗོད་ཀྱི་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།