ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་རིམས་འགོག་བྱེད་ཐབས་ཇེ་ལྷོད་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་ཁྱབ་ཁོངས་ནང་རིམས་འགོག་བྱེད་ཐབས་སྔར་ལས་ཇེ་ལྷོད་དུ་གཏོང་རྒྱུའི་ཐག་བཅད་པ་དང་། དེའི་ཁྲོད་མཚན་འགོག་མེད་པར་བཟོ་བ་དང་གནམ་གྲུ་གཏོང་ཐེངས་སླར་གསོ་བྱེད་པ་སོགས་ནང་དུ་འདུ།

དབྱི་རག་གི་ཙུང་ལི་མུའུ་སི་ཐ་ཧྥ.ཁཱ་ཏེ་མིས་ཀྱིས་འགོ་ཁྲིད་བྱས་པའི་འཕྲོད་བསྟེན་དང་རྒྱལ་ཁབ་བདེ་འཇགས་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཉིན་དེར།  མཚན་མོ་ཕྱིར་བསྐྱོད་པ་བཀག་འགོག་བྱེད་པའི་དུས་ཚོད་དེ་སྔོན་ཆད་ཀྱི་ཕྱི་དྲོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་བདུན་ལས་ཕྱི་དྲོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུ་རུ་ལེགས་སྒྲིག་བྱས་ན་ཡང་། གཟའ་འཁོར་རེའི་གཟའ་ཕུར་བུ་དང་པ་སངས། སྤེན་པ་བཅས་ལ་མུ་མཐུད་དུ་ཉིན་གང་བོའི་མཚན་འགོག་ལག་བསྟར་བྱེད་རྒྱུ་རེད། ཟླ་བརྒྱད་པའི་ཟླ་མགོར་ཟོག་བཤའ་དུས་ཆེན་གྱི་གནང་བ་མཇུག་རྫོགས་རྗེས། མཚན་འགོག་བྱེད་ཐབས་ཁྱོན་ཡོངས་ནས་མེད་པར་བྱེད་རྒྱུའི་ཐག་བཅད།

ཨུ་ཡོན་ལྷན་ཁང་དེའི་གཏན་ཁེལ་ལྟར་ན། དབྱི་རག་མངའ་ཁོངས་ཀྱི་གནམ་གྲུ་ཐང་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་ནས་བཟུང་ཡང་བསྐྱར་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ལས་གནམ་གྲུ་གཏོང་ཐེངས་རིམ་པ་བཞིན་སླར་གསོ་བྱེད་རྒྱུ་རེད། དེ་ལས་གཞན། དབྱི་རག་གིས་ད་དུང་དབྱི་ལིང་བར་གྱི་མཐའ་མཚམས་གྲུ་ཁ་གཉིས་དང་། ཁོ་ཝེ་ཐི་བར་གྱི་མཐའ་མཚམས་གྲུ་ཁ་གཅིག་བཅས་ཡང་བསྐྱར་སྒོ་ཕྱེ་ནས། ཚོང་ཟོག་ཉོ་ཚོང་བྱེད་པའི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།