ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡའི་ལས་ཀ་ཤོར་ཚད་ལོ20ལྷག་རིང་གི་ཆེས་མཐོ་ཤོས་སུ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན་ཨོ་སི་ཁྲུ་ལི་ཡའི་བསྡོམས་རྩིས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེའི་ལས་ཀ་ཤོར་ཚད7.4%ཟིན་པ་དང་། ལོ20ལྷག་གི་རིང་ཆེས་མཐོ་ཤོས་སུ་སླེབས་ཡོད་པས་མིག་སྔར་མི་ཁྲི100ཙམ་ལ་ལས་ཀ་མེད་པར་གྱུར་བ་རེད།

 ཨོ་སི་ཁྲུ་ལི་ཡའི་ཟླ6པར་ལས་ཀ་ཤོར་ཚད7.4%ཟིན་པ་དེ་ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས0.3འཕར་བ་དང་། ཟླ་བ་བཞི་པ་དང་གསུམ་པའི་ལས་ཀ་ཤོར་ཚད་སོ་སོར6.4%དང5.2%རེད། ཨོ་སི་ཁྲུ་ལི་ཡའི་བསྡོམས་རྩིས་ཅུའུ་ཡིས་བསྟན་དོན་མིག་སྔར་མི་ཁྲི100ཡན་ལ་ལས་ཀ་མེད་པ་རེད།

 ཨོ་སི་ཁྲུ་ལི་ཡའི་ཙུང་ལི་སི་ཁོ་ཐི་·མོ་ལེ་སིན་གྱིས་བལྟས་དོན། དོན་དངོས་ཀྱི་གནས་ཚུལ་ནི་བསམ་ཚོད་ལས་ཀྱང་ཞན་པ་རེད། ཁོང་གིས་ཚེས6ཉིན་གསར་འགོད་པར“ལས་ཀ་ཤོར་ཚད་དེ་དོན་དངོས་ཀྱི་གྲངས་ཀ་ལས་མཐོ་བ་རེད། ང་རང་ཉིད་ཚུད་པའི་ནོར་སྲིད་པུའུ་ཀྲང་དང་ལས་ཞུགས་པུའུ་ཀྲང་བཅས་ཀྱིས་གནད་དོན་འདི་ལ་གདོང་གཏད་ནས་བཤད་དགོས་བྱུང”ཞེས་བཤད།

 ཨོ་སི་ཁྲུ་ལི་ཡའི་བསྡོམས་རྩིས་ཅུའུ་ཡིས་བཤད་རྒྱུར། ཟླ5པ་དང4པ་གཉིས་ལ་རྒྱལ་ཁབ་དེའི་ལས་ཞུགས་ལས་གནས་གྲངས་ཀ་མར་ཆག་མོད་ཟླ6པར་ཁྲི21ཇེ་མང་དུ་ཕྱིན་ཡོད། མོ་ལི་སེན་གྱིས“ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར(རིམས་ནད)འགོག་རྒོལ་བྱེད་བཞིན་ཡོད་པས། ཟླ་རྗེས་མའི་ལས་ཞུགས་གྲངས་གཞི་ནང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཆེ་གྲས་གཉིས་པ་མོར་པེན་ལ་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཇེ་མང་དུ་སོང་ནས“གྲོང་ཁྱེར་བཀག་སྡོམ”གྱི་བྱེད་ཐབས་སྤྱད་པའི་ཤུགས་རྐྱེན་མཚོན་སྲིད་པ་རེད་ཅེས་བཤད།

འཇར་མན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མོར་པེན་ཁོངས་གཏོགས་ཀྱི་ཝུའེ་ཏུའོ་ལི་ཡ་མངའ་སྡེ་ཡིས་ཚེས16ཉིན་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ327ཇེ་མང་དུ་སོང་ཡོད་པ་སྙན་ཞུ་ཕུལ་བས་ཨོ་སི་ཁྲུ་ལི་ཡའི་ཉིན་གཅིག་རིང་ནད་པ་ཇེ་མང་དུ་ཕྱིན་ཚད་ཆེས་མང་པོར་གྱུར་པ་རེད། ད་རག་བར་ཨོ་སི་ཁྲུ་ལི་ཡ་རུ་རིམ་རྩིས་བྱས་ན་ནད་པ་ཁྲི1.1ལས་བརྒལ་ཡོད་པ་དང་མི111རྐྱེན་ལམ་དུ་ཤོར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།