ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མའི་ཐོངས་མཆན་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126238128_15947660708251n.jpg

འདི་ནི་ཟླ7པའི་ཚེས14ཉིན་ཨ་རིའི་མ་ས་ཀྲུའུ་སའེ་མངའ་སྡེའི་ཅན་ཆའོ་གྲོང་ཁྱེར་དུ་ཡོད་པའི་ཧ་ཧྥོ་སློབ་ཆེན་གྱི་སློབ་རའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན་ཨ་རིའི་པོ་ཧྲི་ཏུན་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་པོ་ལེ་སི་ཡིས་ཧ་ཧྥོ་སློབ་ཆེན་དང་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་བཏོན་པའི་འབྲེལ་ཡོད་གཏུག་བཤེར་ཞིབ་གཅོད་བྱེད་སྐབས་ཁྱབ་བསྒྲགས་བྱས་དོན། ཨ་རི་སྲིད་གཞུང་གིས་དེ་སྔོན་ཁྱབ་བསྒྲགས་བྱས་པའི་ཕྱི་འགྲིམ་སློབ་མའི་མཆན་འགོད་ལག་ཁྱེར་གྱི་གཏན་འབེབས་གསར་པ་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

པོ་ལེ་སི་ཡིས་ཁྲིམས་སའི་འདྲི་གཅོད་འགོ་བརྩམས་དུས་བཤད་རྒྱུར། ཁོས་ཤེས་པ་ལྟར་ན་གཏུག་བཤེར་ཕྱོགས་གཉིས་ཀྱིས་ཐག་གཅོད་ཀྱི་ཇུས་གཞི་བཀོད་ཡོད་ཟེར།

 ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་ཁོངས་གཏོགས་རྒྱལ་ཁོངས་སུ་འཛུལ་བ་དང་འགག་སྒོའི་ཁྲིམས་འཛིན་ཅུའུ་ཡིས་ཚེས6ཉིན་བརྡ་ཁྱབ་བཏང་ནས་བཤད་རྒྱུར། གལ་ཏེ་2020ལོའི་སྟོན་ཀའི་སློབ་སྐབས་སུ་ཕྱི་འགྲིམ་སློབ་མས་དྲ་ཞུགས་སློབ་ཚན་ཁོ་ན་འཚོགས་ཚེ་ཨ་རིར་ཐོངས་མཆན་ཐོབ་མི་ཐུབ་པའམ་ཡང་ན་མིག་སྔའི་ཐོངས་མཆན་རྒྱུན་འཁྱོངས་ཐུབ་རྒྱུར་ཧ་ཧྥོ་སློབ་ཆེན་དང་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་དེའི་ཐད་ལ་ཚེས8ཉིན་ཨ་རི་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མར་དམིགས་པའི་ཐོངས་མཆན་གྱི་གཏན་འབེབས་གསར་པ་ལག་བསྟར་བྱ་རྒྱུ་བཀག་འགོག་བྱས་པ་རེད།

1126238128_15947660708271n.jpg

འདི་ནི་ཟླ7པའི་ཚེས14ཉིན་ཨ་རིའི་མ་ས་ཀྲུའུ་སའེ་མངའ་སྡེའི་ཅན་ཆའོ་གྲོང་ཁྱེར་དུ་ཡོད་པའི་ཧ་ཧྥོ་སློབ་ཆེན་གྱི་སློབ་རའི་རྣམ་པ་རེད།

1126238128_15947660708281n.jpg

འདི་ནི་ཟླ7པའི་ཚེས14ཉིན་ཨ་རིའི་མ་ས་ཀྲུའུ་སའེ་མངའ་སྡེའི་ཅན་ཆའོ་གྲོང་ཁྱེར་དུ་ཡོད་པའི་ཧ་ཧྥོ་སློབ་ཆེན་གྱི་སློབ་རའི་རྣམ་པ་རེད།

1126238128_15947660708291n.jpg

འདི་ནི་ཟླ7པའི་ཚེས14ཉིན་ཨ་རིའི་མ་ས་ཀྲུའུ་སའེ་མངའ་སྡེའི་ཅན་ཆའོ་གྲོང་ཁྱེར་དུ་ཡོད་པའི་ཧ་ཧྥོ་སློབ་ཆེན་གྱི་སློབ་རའི་རྣམ་པ་རེད།

1126238128_15947660708301n.jpg

འདི་ནི་ཟླ7པའི་ཚེས14ཉིན་ཨ་རིའི་མ་ས་ཀྲུའུ་སའེ་མངའ་སྡེའི་ཅན་ཆའོ་གྲོང་ཁྱེར་དུ་ཡོད་པའི་ཧ་ཧྥོ་སློབ་ཆེན་གྱི་སློབ་རའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།