ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་དབྱི་ཐ་ལིའི་འགོ་ཁྲིད་པས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རིམས་ནད་ཀྱིས་བཟོས་པའི་ཉམས་ཉེན་ལ་མྱུར་དུ་ཁ་གཏད་འཇལ་བའི་འགུལ་སྐྱོད་སྤེལ་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མོ་ཁི་ཨར་དང་དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་གཉིས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་དུ་ནུས་ལྡན་འགུལ་སྐྱོད་སྤེལ་ཏེ་པྲོག་གསར་གློ་ཚད་རིམས་ནད་བཟོས་པའི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས་པ་དང་མྱུར་དུ་ཐེབས་རྩ་སླར་གསོ་བྱེད་པའི་ཐད་ལ་ཐུན་མོང་གི་ལྟ་ཚུལ་བྱུང་།

རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཉིན་དེར་པོ་ལིན་བྱང་ཕྱོགས་ཀྱི་མེ་ཙི་པེ་ཀི་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་ཚོགས་ཐོག་ཏུ་མོ་ཁི་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་ཉམས་ཉེན་ལ་ཁ་གཏད་འཇལ་བའི་ལས་འགན་ཧ་ཅང་ལྗིད་པའི་དབང་གིས་ངེས་པར་དུ་ནུས་ལྡན་བྱེད་ཐབས་སྤྱོད་དགོས་པ་དང་། ཐེབས་རྩ་སླར་གསོ་བྱེད་པའི་གཞི་ཁྱོན་ངེས་པར་དུ་ཇེ་ཆེར་གཏོང་དགོས་ཟེར།

ཁུན་ཐུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་དུ་ཐེབས་རྩ་སླར་གསོ་བྱེད་པའི་ཐད་ལ་གྲོས་མཐུན་འགོད་དགོས་པའི་རེ་འབོད་བཏོན། ཁོས་བཤད་དོན། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་དུ་ཉམས་ཉེན་ལ་ཁ་གཏད་འཇལ་བའི་བྱེད་ཐབས་མ་སྤྱད་ཚེ། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་ཚོང་རའི་མ་རྩ་རྡིབ་ངེས་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།