ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི1300ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་རྒྱལ་ཁབ་དུ་ཡོད་པའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས13ཉིན་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་ཀྱི་སྡོམ་རྩིས་གཞི་གྲངས་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས13ཉིན་གྱི་ཆུ་ཚོད16དང་སྐར་མ34(པེ་ཅིང་གི་དུས་ཚོད་ཚེས14ཉིན་གྱི་ཆུ་ཚོད4དང་སྐར་མ34བར)  བར། རིམ་རྩིས་བྱས་ན་གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ13006764ཡོད་པ་དང་ཚེ་འདས་ནད་པ570776ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ཨ་མེ་རི་ཁ་ནི་རིམས་ནད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ལ་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ3346246ལ་སླེབས་ཤིང་ཚེ་འདས་ནད་པ135477ལ་སླེབས་ཡོད་པ་རེད། པར་ཙིར་རྒྱལ་ཁབ་ལ་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ1864681ལ་སླེབས་ཤིང་ཚེ་འདས་ནད་པ72100ལ་སླེབས་ཡོད་པ་དང་རྒྱ་གར་ལ་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ878254ལ་སླེབས་ཡོད་པ་དང་། ཨུ་རུ་སི་ལ་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ732547ལ་སླེབས་ཡོད་པ་རེད།

གཞན་ཡང་། རིམ་རྩིས་བྱས་ན་ནད་པ་ཁྲི25ལས་བརྒལ་བའི་རྒྱལ་ཁབ་ལ་ད་དུང་ཕེ་རུ་དང་ཆི་ལི། མོ་ཞི་ཁོ། དབྱིན་ཇི། ལྷོ་ཨ་ཧྥེ་རི་ཁ། དབྱི་རན། སི་ཕེན། ཕ་ཁི་སི་ཐན་བཅས་ཡོད།

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་ནད་དུག་གསར་པ་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ཕྱོགས་བསྡུས་བྱས་པ་ལས་མངོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།