ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་དྲུག་སྟོང་བདུན་ཉིས་བརྒྱ་ཞེ་གསུམ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་དྲུག་སྟོང་བདུན་ཉིས་བརྒྱ་ཞེ་གསུམ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་བཅུ་གཉིས་ཉིན་གྱི་ཆུ་ཚོད་བཅུ་པའི་བར་དུ། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་འབུམ་གཉིས་དང་ཁྲི་གསུམ་སུམ་བརྒྱ་སོ་ལྔ་ཇེ་མང་དུ་སོང་ནས། ད་ཡོད་ནད་པ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་དྲུག་སྟོང་བདུན་ཉིས་བརྒྱ་ཞེ་གསུམ་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་ཉིས་བརྒྱ་གྱ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་ལྔ་དང་ཁྲི་ལྔ་སྟོང་དྲུག་དགུ་བརྒྱ་རེ་དགུ་ལ་སླེབས་ཡོད།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གཉིས་ཁྲི་གསུམ་དང་སུམ་བརྒྱ་བདུན་ཅུ་་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་ལྔ་སྟོང་གཉིས་བདུན་བརྒྱ་རེ་ལྔ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་སྔོན་མ་དང་བསྡུར་ན་སྟོང་ལྔ་དང་ཉིས་བརྒྱ་རེ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་ལྔ་དང་ཁྲི་དྲུག་སྟོང་གཅིག་དྲུག་བརྒྱ་བཅུ་བདུན་ལ་སླེབས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།