ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀེན་ཐིན་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནདཕོག་པར་ངོས་བཟུང་བའི་ནད་པ་བསྡོམས་པས་འབུམ་གཅིག་ལྷག་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཀེན་ཐིན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་ཀེན་ཐིན་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་དྲུག་བརྒྱ་ང་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་བརྒྱ་དང་རེ་དྲུག་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་སོ་ལྔ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་ཞེ་ལྔ་རྐྱེན་ལམ་དུ་ཤོར།

ཨ་ཀེན་ཐིན་འཕྲོད་བསྟེན་པུའུ་ཡིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ས་པུའུ་དབྱི་ནའོ་སི་ཨེ་ལིས་སི་གྲོང་ཁྱེར་དང་བཅས་པའི་པུའུ་དབྱི་ནའོ་སི་ཨེ་ལིས་སི་ས་ཁུལ་ཆེན་པོ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་པ་དང་། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པའི་ཁ་གྲངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་ནད་པའི་ཁ་གྲངས་ཀྱི་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་བརྒྱད་བཞི་ཟིན།

ཨ་ཀེན་ཐིན་གྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་བཙན་ཤུགས་རང་བཞིན་གྱི་མང་ཚོགས་ལོག་བཀར་བྱེད་པའི་བྱེད་ཐབས་ཡང་བསྐྱར་ལག་བསྟར་བྱས། ཉེ་བའི་དུས་སྐབས་ཤིག་ལ་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དབང་གིས་ལས་རིགས་གང་མང་ཞིག་གིས་ལས་ཐོན་སླར་གསོའི་འཆར་གཞི་གནས་སྐབས་སུ་མཚམས་མི་འཇོག་ཐབས་མེད་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།