ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཟླ་བཞིའི་རིང་ལ་ཁ་ཐུམ་ཉོ་བའི་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པ་མཇུག་རྫོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་ཟས་རིགས་སྨན་རྫས་བདེ་འཇགས་ཁྲུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་དོན། ཧན་གོས་ཟླ་བཞིའི་རིང་ལ་ཁ་ཐུམ་ཉོ་བར་ཚོད་འཛིན་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་པ་དེ་ཚེས་བཅུ་གཅིག་ཉིན་དངོས་སུ་མཇུག་རྫོགས་པ་དང་། མང་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་ནས་བཟུང་སྨན་ཁང་དུ་བཀོལ་བའི་ཁ་ཐུམ་གང་འདོད་དུ་ཉོས་ཆོག་ཟེར།

ཚེས་བཅུ་གཉིས་ཉིན་ནས་བཟུང་འཛད་སྤྱོད་མཁན་གྱིས་སྨན་བཙོང་ས་དང་ཚོང་ཁང་། དྲ་ཐོག་སོགས་ནས་སྨན་ཁང་དུ་བཀོལ་བའི་ཁ་ཐུམ་གང་འདོད་དུ་ཉོ་ཐུབ།

ཧན་གོ་ཀྲུང་དབྱང་རིམས་འགོག་ཁ་གཏད་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར་དུ་ཧན་གོ་རྒྱལ་ཁབ་ཏུ་རིམས་ནད་བྱུང་ཚད་དེ་སྔ་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་དང་བསྡུར་ན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཞེ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་གཅིག་དང་སྟོང་གསུམ་བཞི་བརྒྱ་བཅུ་བདུན་ལ་སླེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།