ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཧན་དབུས་རྒྱུད་དུ་དྲག་ཆས་འཇབ་རྒོལ་གྱི་དོན་རྐྱེན་ཞིག་བྱུང་ནས་མི16རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།    ཨ་ཧྥུ་ཧན་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས12ཉིན་བཤད་རྒྱུར། ཨ་ཧྥུ་ཧན་དབུས་རྒྱུད་ཏའེ་ཁུང་ཏི་ཞིང་ཆེན་དུ་ཉིན་དེར་དྲག་ཆས་འཇབ་རྒོལ་གྱི་དོན་རྐྱེན་ཞིག་བྱུང་ནས་ཉེན་རྟོག་པ4རྐྱེན་ལམ་དུ་ཤོར་ཞིང་མི1ལ་རྨས་སྐྱོན་ཕོག་པ་དང་། ཐ་ལི་པན་གྱི་དྲག་ཆས་མི་སྣ12བསད་པ་རེད།

ཏའེ་ཁུང་ཏི་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ན་ཅི་པུའུ་ལ་·མ་ལི་སི་ཐ་ཉི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཐ་ལི་པན་དྲག་ཆས་མི་སྣས་ཉིན་དེའི་ཞོགས་པར་ཞིང་ཆེན་དེའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པས་ཞིབ་བཤེར་ས་ཚིགས་དེའི་ཉེན་རྟོག་པས་དེ་མ་ཐག་མེ་མདའ་བརྒྱབ་སྟེ་ཐ་ལི་པན་གྱི་དྲག་ཆས་མི་སྣ12བསད་རྗེས་ཕྱིར་འཐེན་བྱས་པ་རེད་ཟེར།

མ་ལི་སི་ཐ་ཉི་ཡིས་བཤད་རྒྱུར། ཐེངས་འདིར་ཉེན་རྟོག་པ4རྐྱེན་ལམ་དུ་ཤོར་བ་དང་ཉེན་རྟོག་པ་གཞན1ལ་རྨས་སྐྱོན་ཕོག་པ་རེད། ཨ་ཧྥུ་ཧན་བདེ་སྲུང་དམག་དཔུང་གིས་དམག་འཐབ་གནམ་གྲུའི་རོགས་སྐྱོར་འོག་མུ་མཐུད་དུ་ས་དེའི་ཐ་ལི་པན་གྱི་དྲག་ཆས་མི་སྣ་རྣམས་ཚར་གཅོད་བྱས་པ་རེད།

 ཨ་ཧྥུ་ཧན་གྱི་ཐ་ལི་པན་ཕྱོགས་ཀྱིས་གནས་ཚུལ་དེའི་ཐད་ལ་ལན་ཅི་ཡང་བརྒྱབ་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།