ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་དུ་བ་འཐེན་མཁན་གྱིས་དུ་བ་གཅོད་པའི་གྲོས་འགོ་གསར་བ་ཞིག་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་འགོ་གསར་བ་ཞིག་བཏོན་ཏེ་འཛམ་གླིང་ཡོངས་ཀྱི་དུ་བ་འཐེན་མཁན་དུང་ཕྱུར་བཅུ་གསུམ་གྱིས་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཏུ་འགྲོ་བའི་བར་སྐབས་འདིར་དུ་བ་གཅོད་དགོས་པ་ཁྱབ་བསྒྲགས་བྱས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་ལོ་རེར་དུ་བ་འཐེན་མཁན་ས་ཡ་བརྒྱད་རྐྱེན་ལམ་དུ་ཤོར་བཞིན་ཡོད། བདེན་དཔང་ལས་མངོན་པ་ལྟར་ན། དུ་བ་འཐེན་མཁན་ལ་དུ་བ་མི་འཐེན་མཁན་ལས་པྲོག་གསར་གློ་ཚད་རིམས་ནད་འབྱུང་སླ་བ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་བཤད་དོན། དུ་བ་འཐེན་མཁན་གྱིས་སྒུལ་ཤུགས་ཆེན་པོ་བརྟེན་ནས་དུ་བ་འཐེན་པའི་གོམས་སྲོལ་ངན་པ་དེ་བསྒྱུར་ཚེ། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཏུ་འགྲོ་བར་ལུགས་མཐུན་གྱི་སྒུལ་ཤུགས་འདོན་སྤྲོད་བྱས་པ་རེད་ཟེར།

ཐན་ཏི་སེ་ཡིས་བཤད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐོག་མར་ཅོར་ཏན་ནས་དུ་བ་གཅོད་པའི་གྲོས་འགོ་བཏོན་པ་དེ་ལག་བསྟར་བྱེད་རྒྱུ་དང་རྗེས་ཕྱོགས་ཀྱི་ཟླ་འགའི་ནང་འཛམ་གླིང་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : རམས་ཚེ་བྷོ།