ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་མེན་སི་ཁེའི་གྲོས་མཐུན་གང་མགྱོགས་དོན་འཁྱོལ་བྱ་རྒྱུའི་ཐད་ལངས་ཕྱོགས་གསལ་སྟོན་བྱེད་དགོས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་ཉིན་ཨུ་རུ་སུའི་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ཁོ་ཀྲ་ཁེས་ཝུའུ་ཁི་ལན་གྱིས་ཡུག་རེན་ཤར་རྒྱུད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་མེན་སི་ཁེའི་གྲོས་མཐུན་གང་མགྱོགས་སྒོས་དོན་འཁྱོལ་བྱེད་མིན་ཐད་ལངས་ཕྱོགས་གསལ་སྟོན་བྱེད་དགོས་ཞེས་བཤད།

ཁེ་ཀྲ་ཁེས་ཚེས་བཅུ་ཉིན་ཨུ་རུ་སུའི་གསར་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་ལེ་ཚི་ནེ་ཁི་ཧྥུའུ་ཡིས་ཉེ་སྔོན་མེན་སི་ཁིའི་གྲོས་མཐུན་ལ་ཕྱོགས་མང་པོའི་ཐད་ནས་དངོས་ཡོད་ཀྱི་དོན་སྙིང་མི་ལྡན། གསལ་པོ་ཤེས་དགོས་པ་ཞིག་ནི་ཡུག་རེན་གཞུང་ཕྱོགས་ཀྱི་ལངས་ཕྱོགས་ཡིན་ནམ་ཡང་ན་ལེ་ཚི་ཉི་ཁོ་ཧྥུའུ་མི་སྒེར་གྱི་ལངས་ཕྱོགས་ཡིན་པ་རེད། གནད་དེ་ཝུའུ་ཁི་ལན་སྲིད་གཞུང་གིས་གསལ་པོར་ཤེས་དགོས་ཟེར།

ཁེ་ཀྲ་ཁེས་བཤད་དོན། མེན་སི་ཁེ་ཡི་གྲོས་མཐུན་ནི་སྔར་བཞིན་ཡུག་རེན་ཤར་རྒྱུད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཝུའུ་ཁི་ལན་སྲིད་གཞུང་གིས་མེན་སི་ཁེའི་གྲོས་མཐུན་ལས་ཕྱིར་འཐེན་བྱས་པ་དེས། ཨུ་རུ་སི་དང་འཇར་མན།་ཧྥ་རན་སི།ལྦུའུཁི་ལེན་བཅས་ཀྱི“ནོ་མན་ཏིའི་དཔེ་དབྱིབས”ཀྱི་རྒྱལ་ཁབ་བཞིའི་ལམ་སྲོལ་མེད་པར་འགྱུར་རྒྱུ་མ་ཟད། ཡུག་རེན་ཤར་རྒྱུད་ཀྱི་གདོང་གཏུག་གནད་དོན་བར་འདུམ་བྱེད་པའི་དུས་ཚོད་ཀྱང་འགོར་འགྱངས་བྱེད་ངེས་རེད་ཟེར།

བསྒྲགས་པ་ལྟར་ན། ཚེས་དགུ་ཉིན་ལེ་ཚི་ཉི་ཁོ་ཧྥུའུ་ཡིས་སྤྱི་ཚོགས་འབྲེལ་བའི་གསར་ལམ་ཐོག་བཤད་རྒྱུར། མེན་སི་ཁེའི་གྲོས་མཐུན་གྱིས་དངོས་ཡོད་གནས་ཚུལ་མཚོན་པ་དང་། “ཏུན་པ་སིའི་གནད་དོན”ཐག་གཅོད་བྱེད་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་། ནུབ་ཕྱོགས་ཀྱི་འགོ་ཁྲིད་པས་གྲོས་མཐུན་འདི་བཟོ་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : རམས་ཚེ་བྷོ།