ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་གིས་འཛིན་བཟུང་བྱས་པའི་ཐ་ལེ་པན་གྱི་མི་སྣ་སྔར་ལས་མང་པོ་བཙོན་གྲོལ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་གི་ཚེས་དགུ་ཉིན། སྲིད་གཞུང་གིས་འཛིན་བཟུང་བྱས་པའི་ཐ་ལེ་པན་གྱི་མི་སྣ་སྔར་ལས་མང་པོ་བཙོན་གྲོལ་བཏང་སྟེ། ཨ་ཧྥུའུ་ཧན་ནང་ཁུལ་གྱི་ཞི་བདེ་གླེང་མོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁས་ལེན་བྱས།

གནས་སྐབས་སུ་ཐ་ལེ་པན་ཕྱོགས་ཀྱིས་དེ་ཆ་རྐྱེན་དུ་བྱས་ནས་གླེང་མོལ་བྱེད་མིན་ད་དུང་གསལ་བོར་མི་ཤེས་ཟེར།

ཨ་ཧྥུའུ་ཧན་སྲིད་གཞུང་གི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཅཱ་ཝེ་ཏི.ཧྥེ་ས་ཨེར་གྱིས་གསར་འགོད་པར་བཤད་རྒྱུར། ཐ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མིང་ཐོ་གསར་བ་ཞིག་སྤྲད་དེ། འཛིན་བཟུང་བྱས་པའི་མི་སྣ་མུ་མཐུད་དུ་བརྗེ་རེས་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་བར་གྱི་གླེང་མོལ་ཡང་མྱུར་དུ་འགོ་རྩོམ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : རམས་ཚེ་བྷོ།