ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། པྲོག་དབྱིབས་ནད་དུག་སྔར་བཞིན་ཧྥ་རན་སི་རྒྱལ་ནང་དུ་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་། ས་གནས་སོ་སོ་རུ་གཅིག་བསྡུས་རང་བཞིན་གྱི་འགོ་ནད་དོན་རྐྱེན་བྱུང་བཞིན་ཡོད་ལ། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་ལས་བརྒལ་ཡོད་ཟེར།

སྤྱི་སྒྲོག་ལྟར་ན། ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་ཚུན་ལ། ཧྥ་རན་སི་རྒྱལ་ཁབ་ཏུ་གཅིག་བསྡུས་རང་བཞིན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཏུ་འགྲོ་བའི་དོན་རྐྱེན་ཐེངས་སུམ་བརྒྱ་དང་ལྔ་བཅུ་བྱུང་། རིམས་ནད་བྱུང་བའི་ཚུན་ལ། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་བསྡོམས་པས་ཁྲི་གསུམ་དང་བཞི་ལ་སླེབས་པ་དང་ དེའི་ནང་གི་ནད་པ་ཁྲི་གཅིག་དང་སྟོང་དགུ་ལྔ་བརྒྱ་ཉེར་བརྒྱད་་སྨན་ཁང་དུ་རྐྱེན་ལམ་དུ་ཤོར།

ཧྥ་རན་སི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཝེ་ལང་གིས་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་དབྱིབས་ནད་དུག་སྔར་བཞིན་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་ནའང་མིག་སྔར་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་ཚོད་འཛིན་བྱས་ཡོད། འདས་པའི་ཟླ་གསུམ་གྱི་ནང་སྨན་ཁང་དུ་སྨན་བཅོས་བྱེད་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར།                                        

རྩོམ་སྒྲིག་པ། : རམས་ཚེ་བྷོ།