ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཁྭ་ཏོར་གྱི་ཙུང་ཐུང་གིས་ཕྱི་འབྲེལ་པུའུ་ཀྲང་གསར་པ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་དགུ་ཉིན། ཨེ་ཁྭ་ཏོར་གྱི་ཙུང་ཐུང་མོ་ལེ་ནུའོ་ཡིས་ནང་བློན་ཁང་བཅོས་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ལུའུ་དབྱི་སི·ཅ་ལེ་ཀེ་སི་ཕྱི་འབྲེལ་པུའུ་ཀྲང་གསར་པར་བསྐོ་འཇོག་བྱས་པ་རེད།

ཉིན་དེར་མོ་ལེ་ནུའོ་ཡིས་སྤྱི་ཚོགས་འབྲེལ་བའི་གསར་ལམ་ཐོག་སྲིད་གཞུང་གི་དཔོན་རིགས་བདུན་བསྐོ་འཇོག་བྱས་ཚུལ་ཡོངས་བསྒྲགས་བྱས་པ་རེད། ཅ་ལེ་ཀེ་སི་ཕུད་གསར་དུ་བསྐོ་གཞག་བྱས་པའི་དཔོན་རིགས་ནང་ད་དུང་ཙུང་ཐུང་ལས་ཤག་གི་གསར་འགྱུར་དྲུང་ཡིག་ཁྲུའུ་ཡི་དྲུང་ཆེ་ཁཱ་ལི་ཏ·པེ་ལ་དང་ངལ་རྩོལ་པུའུ་ཀྲང་ཨན་ཏེ་ལེ་སི·དབྱི་ཧྲི། གྲོང་ཁྱེར་འཕེལ་རྒྱས་དང་སྡོད་ཁང་པུའུ་ཡི་པུའུ་ཀྲང་ཀྲུའུ་ལི་ཨའོ·ལེ་ཁར་ཏེ་སོགས་ཚུད་ཡོད་པ་རེད།

མོ་ལེ་ནོ་ཡིས་ནང་བློན་ཁང་བཅོས་སྒྲིག་བྱེད་པའི་རྒྱུ་རྐྱེན་གསལ་བཤད་མ་བྱས།

ཉེ་ཆར། སྐབས་དེའི་ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པ་ཨའོ་ཐོ·སུང་ནེན་ཧོར་ཚེ་ན་དང་། ཕྱི་འབྲེལ་པུའུ་ཀྲང་ཧོ་སའེ·ཝ་ལུན་ཤིས་ཡ་དང་ཙུང་ཐུང་ལས་ཤག་གི་གསར་འགྱུར་དྲུང་ཡིག་ཁྲུའུ་ཡི་དྲུང་ཆེ་ཀུའུ་སི་ཐ་ཝོ·དབྱི་ཧྲི་སོགས་སྲིད་གཞུང་གི་དཔོན་རིགས་ཀྱིས་སྔ་རྗེས་སུ་ལས་འགན་མི་ཁུར་བ་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།