ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྒེར་ཚུགས་ཚོགས་ཆུང་བཙུགས་ནས་གོ་ལ་ཧྲིལ་པོའི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་དཔྱད་དཔོག་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས9ཉིན་སྒེར་ཚུགས་ཚོ་ཆུང་ཞིག་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། རྩ་འཛུགས་དེས་གོ་ལ་ཧྲིལ་པོའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་དཔྱད་དཔོག་བྱ་རྒྱུ་དང་སྔོན་དཔག་བྱས་ན་དཔྱད་དཔོག་སྙན་ཞུ་ཟླ11པར་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས་ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལ་གནས་ཚུལ་མདོར་བསྡུས་ཞུ་སྐབས་བསྟན་དོན། “དར་ཁྱབ་ཆེ་བའི་པྲོག་གསར་གློ་ཚད་ལ་སྔོན་འགོག་དང་ཁ་གཏད་གཅོག་པའི་སྒེར་ཚུགས་ཚོགས་ཆུང”ལ་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཧའེ་ལུན·ཁེ་ལ་ཁེ་དང་ལི་པེ་རི་ཡའི་ཙུང་ཐུང་ཟུར་པ་ཨའེ་ལུན·གཡོད་ཧན་ཤུན·སེ་ལི་ཕུའུ་གཉིས་ཀྱིས་ཐུན་མོང་ཐོག་འགོ་ཁྲིད་བྱ་རྒྱུ་རེད། ཚོགས་ཆུང་དེས་སྔོན་དཔག་བྱས་ན་ཟླ11པར་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་བསྐྱར་ཚོགས་བྱེད་སྐབས་ཐོག་མའི་དཔྱད་དཔོག་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་ལ་སང་ལོའི་ཟླ5པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་དངོས་ཕན་རང་བཞིན་གྱི་སྙན་ཞུ་དབུལ་རྒྱུ་རེད།

ཐན་ཏེ་སའེ་ཡིས་བཤད་རྒྱུར། སྒེར་ཚུགས་ཚོགས་ཆུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་སྐབས་ཅི་ཞིག་བྱུང་སོང་བ་དང་སྐྱོ་གར་འདི་རིགས་སླར་ཡང་མི་འབྱུང་བར་སྔོན་འགོག་བྱེད་པར་རོགས་རམ་བྱ་རྒྱུ་རེད།

ཡང་ཐན་ཏེ་སའེ་ཡིས་བཤད་རྒྱུར། “ད་ཆ་ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁ་ཆེ་ཤོས་ནི་པྲོག་གསར་གློ་ཚད་མ་ཡིན”པར། གོ་ལ་ཧྲིལ་པོ་དང་རྒྱལ་ཁབ་རིམ་པར་འགོ་ཁྲིད་ཀྱི་ནུས་པ་དང་མཐུན་སྒྲིལ་མེད་པ་དེ་རེད། “ང་ཚོས་རྡོག་རྩ་གཅིག་སྒྲིལ་སྒོས་མཐུན་སྒྲིལ་བྱས་ཚེ་པྲོག་གསར་གློ་ཚད་ལས་རྣམ་པར་རྒྱལ་ཐུབ”།

 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་སྨྱན་སྦྱོར་ཞིག་གི་གསལ་བསྒྲགས་ནང་ནན་བཤད་བྱས་དོན། སྒེར་ཚུགས་ཚོགས་ཆུང་ནི་ད་ལོའི་ཟླ5པར་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས73པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ལ་གཞིགས་ནས་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཚོགས་མིའི་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།